ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སུ་ནང་ཆོས་ལ་སློབ་སྦྱོང་བྱེད་གལ་ཆེ། ༧གོང་ས་མཆོག་གིས།


2020.01.27
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ཤར་ཁུམ་གྱི་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༡།༢༧ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ཤར་ཁུམ་གྱི་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༡།༢༧
OHHDL

ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སུ་ནང་ཆོས་ལ་སློབ་སྦྱོང་བྱེད་གལ་ཆེ་བ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ཤར་ཁུམ་གྱི་སློབ་ཕྲུག་ཁག་ཅིག་ལ་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། འདི་ཚེས་༢༧་ཉིན་བལ་ཡུལ་ཤར་ཁུམ་རྣམ་ཆེ་ནས་ཡིན་པའི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁའི་སྐབས། ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཆེད་དུ་དེང་དུས་ཤེས་ཡོན་ཐོག་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་མ་ཟད། བོད་མི་རིགས་སྤོབས་པ་སྐྱེས་འོས་པའི་བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེའི་ཐོག་དོ་སྣང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག
སློབ་ཕྲུག་གི་སྣེ་ཁྲིད་བྱེད་མཁན་ཚེ་རིང་དགྲ་འདུལ་ལགས་ཀྱིས། ད་རེས་སློབ་ཕྲུག་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་ཕེབས་པ་ནི་ཧ་ལས་པའི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་འདུག
ཁོང་གིས་སློབ་ཕྲུག་ཚོ་བོད་དང་བལ་ཡུལ་ས་མཚམས་ཤར་ཁུམ་རྣམ་ཆེ་ས་གནས་ནང་ཡོད་པའི་ཤ་རི་ཧི་མ་ལ་ཡ་གཞི་རིམ་སློབ་གྲྭ་ནས་ཡིན་ཅིང་། ཉམས་ཐག་ཕྲུག་གུ་མང་མོ་ཞིག་སོ་སོའི་ནང་ནས་སློབ་གྲྭ་དང་ཐག་རིང་པོ་ཡོང་དགོས་ཀྱི་ཡོད་སྟབས། ཁོང་ཚོའི་དཀའ་ངལ་སེལ་སླད་ངས་སློབ་ཕྲུག་ཚོའི་ཆེད་དུ་སྡོད་ཁང་གསར་བ་རྒྱབ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
མཇལ་བཅར་བ་སློབ་མ་སྒྲོལ་མ་ཤར་པ་ལགས་ཀྱིས། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་ང་རང་ལ་རྨི་ལམ་ལྟ་བུ་ཞིག་ཆགས་སོང་། ང་རང་བསོད་ནམས་ཆེན་པོ་ཡིན་དྲན་གྱི་འདུག ༧གོང་ས་མཆོག་གིས་ནང་སེམས་ལ་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་སྐོར་བཀའ་སློབ་ཕེབས་པ་སེམས་ལ་ཉར་གྱི་ཡིན་ཅེས་བརྗོད་བྱུང་།
ཚེ་རིང་དགྲ་འདུལ་ལགས་ཀྱིས་ཉམས་ཐག་ཆེད་སྡོད་ཁང་གསར་རྒྱག་དེ་བཞིན་སྤྱི་ལོ་༢༠༡༠་ལོར་འགོ་བཙུགས་པའི་སྐབས། སློབ་ཕྲུག་བཅུ་ལས་མེད་ཀྱང་ད་ལྟའི་ཆར་སློབ་ཕྲུག་༧༥་ཡོད་པ་དང་། དེའི་ཐོག་ལ་བལ་ཡུལ་གཞུང་གི་རོགས་རམ་གང་ཡང་མེད་པ་འགྲེལ་བརྗོད་གནང་འདུག
ཚེ་རིང་དགྲ་འདུལ་ལགས་ནི་མ་སུ་རི་གཏན་སློབ་ཀྱི་སློབ་ཟུར་ཞིག་ཡིན་འདུག་པ་དང་། ཁོང་རང་སློབ་གྲྭའི་སྐབས་སུ་ཕྱི་རྒྱལ་རོགས་རམ་བྱེད་མཁན་བྱུང་མྱོང་ཡོད་པར་སོང་། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་་གསབ་ཆེད་དུ་ཤར་པའི་མི་རིགས་ཚོ་ནི་སྐད་དང་རིག་གཞུང་ཐོག་བོད་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས་ཁོང་ཚོར་རོགས་རམ་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎