ལ་དྭགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བར་འགོག་རྐྱེན་བཟོ་ཐབས་བྱས།

2021.07.12
ལ་དྭགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བར་འགོག་རྐྱེན་བཟོ་ཐབས་བྱས། ལ་དྭགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བར་འགོག་རྐྱེན་བཟོ་ཐབས་བྱས་སྐབས། ༧།༦།༢༡
དྲ་བཤུས།/thehindu

རྒྱ་གར་ལ་དྭགས་ཡུལ་གྱི་བདེ་མཆོག་འབྲོག་སྡེ་སོགས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས་རྒྱ་ནག་གཞུང་གི་ཕྱོགས་ནས་སུན་གཙེར་འགོག་རྐྱེན་བཟོ་ཐབས་བྱས་འདུག
དེ་ཡང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་ཟླ་འདིའི་ཕྱི་ཚེས་༦་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། རྒྱ་གར་ལ་དྭགས་ཡུལ་ཀྱི་བདེ་མཆོག་འབྲོག་སྡེ་དང་། གཞན་(Koyul Kakjung)་འབྲོག་ཁུལ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། རྒྱ་གར་དང་བོད་ཀྱི་ས་མཚམས་ཕར་ཕྱོགས་བོད་ཀྱི་ས་ཐོག་དུ་རྒྱ་ནག་གི་དམག་མི་དང་རླངས་འཁོར་ཁ་ཤས་སླེབས་ནས་རྒྱ་ནག་གི་རྒྱལ་དར་དང་འཕྲེད་དར་དམར་པོ་ཞིག་འཕྱར་ནས་སུན་གཙེར་དང་ངོ་རྒོལ་གྱི་རྣམ་པ་ལྟ་བུས་འགོག་རྐྱེན་བཟོ་ཐབས་བྱས་འདུག
འབྲོག་ཁུལ་(Kaljung)་གྲོང་སྡེའི་འགོ་དཔོན་ཨྱོན་ཨུ་རྒྱན་ཚེ་དབང་གིས་བརྙན་པར་དང་བཅས་གསར་འགོད་པར་བརྗོད་པར་གཞིགས་ན། རྒྱ་ནག་གི་དམག་མི་དང་དམག་ཆས་གྱོན་མེད་པའི་མི་ཁ་ཤས་བཅས་རླངས་འཁོར་༥་ཙམ་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན། ང་ཚོའི་ས་གནས་ཀྱི་ཚོགས་ཁང་ནས་མི་ཊར་༢༠༠་ཙམ་གྱི་མཚམས་སུ་ཡོད་པའི་(Indus)་གཙང་པོའི་འགྲམ་དུ་འབྱོར་ནས། ཡུལ་མི་ཚོས་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་བཞིན་པ་དང་བསྟུན་ནས། གཙང་པའི་པར་ཕྱོགས་ནས་ཁོང་ཚོས་རྒྱ་ནག་གི་རྒྱལ་དར་དང་འཕྲེད་དར་དམར་པོ་ཞིག་གི་སྟེང་ཡིག་གེ་བྲིས་པ་ཞིག་འཕྱར་ནས་སུན་གཙེར་དང་ངོ་རྒོལ་གྱི་རྣམ་པ་ལྟ་བུས་འགོག་རྐྱེན་བཟོ་ཐབས་བྱས་སོང་། ཁོང་ཚོས་འཕྲེད་དར་སྟེང་ག་རེ་བྲིས་ཡོད་མེད་ང་ཚོས་རྒྱ་སྐད་རྒྱ་ཡིག་མི་ཤེས་ཙང་ཤེས་མ་སོང་། འོན་ཀྱང་ཁོང་ཚོ་ཆུ་ཚོད་ཕྱེད་ཀ་ཙམ་ས་གནས་དེར་ལངས་ནས་ང་ཚོར་ངོ་རྒོལ་གྱི་རྣམ་པ་བསྟན་སོང་། ཁོང་ཚོ་ལངས་ནས་༧གོང་ས་མཆོག་གིས་འཁྲུངས་སྐར་ལ་ངོ་རྒོལ་བྱེད་ས་ས་ཆ་དེ་ནི་རྒྱ་གར་ལ་བདག་པ་རེད་ཅེས་བརྗོད་འདུག ཡིན་ཡང་རྗེས་སུ་གནས་ཚུལ་ཐོན་པ་ལྟར་ན། གོང་བརྗོད་འཕྲེད་དར་དམར་པོ་དེའི་སྟེང་བོད་ཁ་བྲལ་དུ་གཏོང་བའི་ལས་འགུལ་མཚམས་འཇོག་དགོས་ཞེས་བྲིས་ཡོད་པ་གསར་ལམ་ཁག་ཅིག་ནང་གསལ་འདུག
དེའི་སྔོན་ཉིན་བཅུ་གྲངས་ཙམ་གྱི་གོང་ལ། ས་གནས་དེར་རྒྱ་གར་ཡུལ་མིས་ཉི་གློག་བཙུགས་པའི་སྐབས་སུ་ཡང་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་འདུག
གསར་འགོད་པས་རྒྱ་གར་གྱི་དམག་དོན་ཚན་པར་གནད་དོན་དེ་དང་འབྲེལ་བའི་ཐད་བཅར་འདྲི་བྱེད་ཐབས་བྱས་ཀྱང་འབྲེལ་ཡོད་རྒྱ་གར་གྱིས་དཔོན་རིགས་ཚོས་དེ་སྐོར་གང་ཡང་གསུངས་མེད་པ་རེད་གནས་ཚུལ་ནང་གསལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎