སྦརཱ་སེལསི་དུ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་རྒྱལ་གཞུང་ཚབ་སོགས་མགྲོན་འབོད་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

2024.07.12
སྦརཱ་སེལསི་དུ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་རྒྱལ་གཞུང་ཚབ་སོགས་མགྲོན་འབོད་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག སྦརཱ་སེལསི་དུ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱིའི་གཞུང་ཚབ་སོགས་མགྲོན་འབོད་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། ༠༧།༡༠།༢༠༢༤
OoT, Brussels

སྦརཱ་སེལསི་ (Brussels) བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་དུས་དང་བསྟུན་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཕྱིར་བསྣུར་གྱིས་འདི་ཚེས་༡༠ཉིན་གཞུང་འབྲེལ་སྲུང་བརྩི་ཞུས་སྐབས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཐུས་མི། དེ་བཞིན་ཨ་རི་དང་། ལཊ་ཝི་ཡ། ལི་ཐུཝེ་ནི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ།  རྒྱ་གར། ཐེ་ཝན་བཅས་ཀྱི་གཞུང་ཚབ་མགྲོན་འབོད་ཀྱིས་ཆེད་ཕེབས་གནང་ཡོད་འདུག

Brussels Hosts Reception to Celebrate His Holiness the Dalai Lama’s Birthday (1).jpg
སྦརཱ་སེལསི་བོད་ཀྱི་སྐུ་ཚབ་དོན་གཅོད་སྒྲོན་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྐུ་མགྲོན་རྣམ་པར་དགའ་བསུ་དང་། མཛད་སྒོའི་ཐོག་གོང་ཞུས་སྐུ་མགྲོན་རྣམ་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་དམངས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་བ་དང་། དེ་བཞིན་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ཐད་ཀྱི་མཛད་རྗེས་རླབས་ཆེན་ངོ་སྤྲོད་མདོར་བསྡུས་ཞུས་འདུག
དེ་མིན་བོད་ཀྱི་གཞས་མ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་། སྦིར་ཇམ་བོད་རིགས་ཚོགས་པ་དང་གཟའ་མཇུག་བོད་ཡིག་སློབ་གྲྭའི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཞིང་། མཇུག་ཏུ་སྐུ་མགྲོན་རྣམས་ཀྱིས་བོད་ཡིག་ཐོག་སོ་སོའི་མཚན་དང་ཡང་ན་བོད་ཡིག་གཞན་བྲིས་ནས་དྲན་རྟེན་དུ་ཉར་བ་སོགས་སྦརཱ་སེལསི་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎