ཡུལ་གྲུ་གང་སར་འཁྲུངས་སྐར་སྲུང་བརྩི་གནང་འདུག


2014.07.07
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོས་འཁྲངས་སྐར་སྲུང་བརྩི་བྱེད་བཞིན་པ། ༢༠༡༤།༧།༦ ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོས་འཁྲངས་སྐར་སྲུང་བརྩི་བྱེད་བཞིན་པ། ༢༠༡༤།༧།༦
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ལེཊ་ཤོས་ཏེ་རྒྱལ་བའི་བཀའ་དགོངས་བསྒྲུབ་ཐབས་བྱེད་རྒྱུ་དེ་ཡིན་པ་སྐུ་ཚབ་དོན་གཅོད་པས་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུཊ་ལྟར་དགུང་གྲངས་༧༩་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་འཛམ་གླིང་གི་ས་གནས་གང་སར་གནས་བཞུཊ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་ནས་སྲུང་བརྩི་ཞུས་ཡོད་པ་དང་། འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་མངའ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚེས༦ཉིན་སྔ་དྲོ་མེ་རེ་ལན་ཊི་མངའ་སྡེ་རི་རྒྱུད་ལ་ཆཊ་པའི་འབྲི་གུང་དགོན་པའི་ནང་རྒྱལ་བའི་ཞབས་བརྟན་བསྒྲུབ་པ་དང་། རླུང་དར་སྒྲེང་འཛུཊ་བྱས་ནས་བོད་སྐྱོང་ལྷ་སྲུང་རྣམས་ལ་བསངས་གསོལ་བྱས་ཡོད་པ་རེད། ཕྱི་དྲོ་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་དངོས་གཞི་ཚོཊ་པའི་ཐོག་སྐུ་མགྲོན་གཙོ་བོར་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དབུས་པའི་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལཊ་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སོགས་ཕེབས་ཡོད་པ་རེད། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལཊ་ཀྱིས། ༧རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ལེཊ་ཤོས་དེ་རྒྱལ་བའི་བཀའ་དགོངས་བསྒྲུབ་ཐབས་བྱེད་རྒྱུ་དེ་ཡིན་པ་དང་། ༧མགོན་པོ་གང་ཉིད་དགུང་གྲངས་མཐོ་པོར་ཕེབས་ཡོད་དུས་ང་ཚོས་༧གང་ཉིད་ཐུཊ་ཕམ་འགྲོ་གཞིའི་ལས་དོན་རིགས་བརྩམ་རྒྱུ་མེད་སྐོར་སོགས་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྡ་རམ་སཱ་ལ། ཡོ་རོབ་ཡུལ་གྲུ་ཁག། ཁཱ་ན་ཊ། བལ་ཡུལ་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་རང་ལུཊ་ཆས་གོས་ཀྱི་གཟབ་ཚོར་དང་མཉམ་དགའ་དད་སྤྲོ་གསུམ་ངང་རྣམ་པ་འདྲ་མིན་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།
དེ་བཞིན་ཚེས༦ཉིན་ལ་དྭགས་རྒྱལ་ས་སླེའི་ཉེ་འདབས་སུ་ཆཊ་པའི་ཞི་བའི་ཚལ་ཕོ་བྲང་གི་གསུངས་ཆོས་ར་བའི་ནང་ཕྱི་ནང་མི་རིགས་འབུམ་གཅིག་ལྷག་མཉམ་འཛོམས་ཐོག་འཁྲུངས་སྐར་མཛད་སྒོ་ཚོགས་ཡོད་པར་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་༧མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིར་འཚམས་འདྲི་གནང་མཁན་གཞིས་ལུས་བོད་རྒྱ་ཆེའི་མི་མང་གཙོས་པའི་མི་མང་ཡོངས་ལ་ཐུཌ་རྗེ་ཆེ་ཞུས་ཡོད་པ་དང་། སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་ཆོས་ལུཌ་རིས་མེད་ཀྱི་བླ་སྤྲུལ་རྣམ་པ་དང་། བོད་མིའི་སྒྲིག་འཛུཊ་ཀྱི་མཛད་གཙོ་རྣམ་པ། ཇམ་མོ་ཀཱ་ཤེ་མཱར་མངའ་སྡེའི་སྲིད་སྐྱོང་Vohra མཆོག ལ་དྭགས་ཀྱི་སྲིད་དོན་མི་སྣ་མཐོ་གྲས་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་སྒྱུ་སྩལ་འཁྲབ་སྟོན་པ་གྲཊ་ཅན་Richard Gere དབུས་པའི་ཕྱི་ནང་མི་རིགས་ཆིག་འབུམ་བརྒལ་བ་ལྷན་བཞུཊ་གནང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎