ཨོ་སི་ཀྲ་ལི་ཡའི་ནིའུ་ཀཱ་སལ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ།

2021.06.19
ཨོ་སི་ཀྲ་ལི་ཡའི་ནིའུ་ཀཱ་སལ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ། ཨོ་སི་ཀྲ་ལི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་Newcastleཞེས་པའི་ས་གནས་བོད་རིགས་ཚོགས་པ་དང་ཨོ་སི་ཀྲ་ལི་ཡའི་བོད་ཀྱི་མདའ་རྩལ་ཚོགས་པ་ཐུན་མོང་གིས་་༸གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
བོད་མིའི་སྒྲིག་འཛུགས།

དེ་ཡང་ཨོ་སི་ཀྲ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མཛད་སྒོའི་ཐོག་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། གཞན་ཡང་སྐུ་མགྲོན་རྣམ་པ། ས་གནས་མི་མང་བཅས་འདུ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་ས་གནས་མང་ཚོགས་ནས་བསང་གསོལ་དང་། ༧རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོལ་གྲོལ་རིན་པོ་ཆེར་རྟེན་འབྲེལ་གྱི་མཇལ་དར་ཕུལ་ཏེ་མཇལ་ཁ་ཞུས་གནང་འདུག

དེ་རྗེས་སྐུ་མགྲོན་གཙོ་བོ་ཨོ་སི་ཊི་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་མཛད་སྒོ་དབུ་འབྱེད་གནང་བ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འགྲོ་བ་མི་སྤྱིའི་བདེ་དོན་ལ་གཟིགས་ཏེ་འགྲོ་བ་མིའི་བྱམས་བརྩེ་གོང་འཕེལ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་གོང་མཐོར་མཛད་པའི་མཛད་འཕྲིན་ངོ་སྤྲོད་ཞུས་པ་དང་ཆབས་ཅིག་གྲོང་ཁྱེར་Newcastle ནང་དུ་གནས་སྡོད་གནང་མཁན་བོད་ཕྲུག་ཚོའི་ཕ་མ་དང་།་དགེ་རྒན་རྣམས་ཀྱིས་བོད་པའི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་སློབ་ཁྲིད་གནང་ཐུབ་པའི་ཕྱག་ལས་ལ་རྗེས་སུ་ཡི་རང་ཞུས་ཡོད་པ་རེད།

མཛད་སྒོའི་ཐོག་བོད་པའི་སློབ་ཕྲུག་དང་ས་གནས་བོད་མི་རྣམས་ནས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་བ་དང་།་སྲོང་བཙན་རུ་ཁག་དང་ཁྲི་རལ་རུ་ཁག་གཉིས་དབར་བོད་ཀྱི་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་བསྡུར་གནང་བ་དང་།

དེ་བཞིན་མི་སྒེར་གྱི་ཐོག་ནས་མདའ་རྩལ་འགྲན་བསྡུར་གནང་བ་སོགས་མཛད་སྒོ་ཁག་གྲུབ་པའི་རྗེས་།་བོད་མིའི་སྲོལ་རྒྱུན་གྱི་སྒོར་གཞས་འཁྲབ་པ་དང་།་མདའ་རྩལ་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མཁན་ཚོར་བྱ་དགའ་ཕུལ་ཏེ་འཁྲུངས་སྐར་གྱི་མཛད་རིམ་མཇུག་སྒྲིལ་གནང་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎