The Duke of Edinburgདགོངས་པ་རྫོགས་པར་༧གོང་ས་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་སྩལ་བ།

2021.04.10
The Duke of Edinburgདགོངས་པ་རྫོགས་པར་༧གོང་ས་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་སྩལ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་Prince Philipསྟེ། The Duke of Edinburgདགོངས་པ་རྫོགས་པར་དབྱིན་ཇིའི་རྒྱལ་མོ་མཆོག་དང་རྒྱལ་སྲས་Charles རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་འདུག
ཨེ་པི།

དབྱིན་ཇིའི་རྒྱལ་མོ་Queen Elizabethམཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་༧གོང་ས་མཆོག་གིས་སྐུ་ཟླ་Prince Philip མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་གསན་འཐོས་བྱུང་བར་ཐུགས་འཕམ་བྱུང་ཞེས་དང་། མགོན་པོ་གང་ཉིད་ནས་འདས་པོ་ཁོང་ལ་ཐུགས་སྨོན་དང་ཁོང་གི་ནང་མི་སྐུ་འཁོར་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཅེས་དང། ཁོང་གིས་སྐུ་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་གནང་ཡོད་པར་ང་ཚོ་ཚང་མས་དགའ་སྒོམ་ཞུ་ཡི་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་འདུག

ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་Charles ལ་ཐུགས་གསོའི་ཕྱག་བྲིས་ཤིག་སྩལ་བའི་ནང་ཕྱོགས་མཚུངས་ཀྱི་ཐུགས་གསོ་གནང་ཞིང་། ཡུམ་ལའང་ཐུགས་གསོ་ཞུ་རྒྱུ་བྱུང་སྐོར་བཀོད་གནང་ཡོད་པ་རེད།

རྒྱལ་སྲས་Charles ནི་༧གོང་ས་མཆོག་ལ་ཐུག་ཐག་ཉེ་པོ་གནང་མཁན་གྱི་གྲོགས་པོ་ཞིག་ཡིན་པས་༧གོང་ས་མཆོག་གིས་ཕྱག་བྲིས་ནང་ངོས་ནས་སྐུ་ཉིད་གུས་བརྩི་ཞུ་འོས་པའི་བརྩེ་གདུང་ལྡན་པའི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ད་རེས་ཡིད་སྐྱོའི་དུས་སྐབས་དེར་ངོས་ནས་སྐུ་ཉིད་དང་ནང་མི་སྐུ་འཁོར་ཡོངས་ལ་ཐུགས་གསོ་དང་སྨོན་འདུན་ཞུ་ཡི་ཡོད་ཅེས་བཀོད་གནང་ཡོད་འདུག དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་དང་རྒྱལ་སྲས་Charles གི་ཡབ་Prince Philipཕྱི་ཟླ་༤པའི་ཚེས་༩རེས་གཟའ་པ་སངས་ཉིན་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་དང་སྐབས་དེར་ཁོང་དགུང་གྲངས་༩༩་ཕེབས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎