ཆོས་དཔོན་ཞིག་གི་རིཊ་རུས་དབྱེར་མེད་ཀྱི་སྤྱོད་པ་ལ་༧གོང་ས་མཆོག་གིས་བསྔགས་བརྗོད།


2018.04.23
ཆོས་དཔོན་ཞིག་གི་རིཊ་རུས་དབྱེར་མེད་ཀྱི་སྤྱོད་པ་ལ་༧གོང་ས་མཆོག་གིས་བསྔགས་བརྗོད། ༼བསྒྲིགས ཆོས་དཔོན་ཞིག་གི་རིཊ་རུས་དབྱེར་མེད་ཀྱི་སྤྱོད་པ་ལ་༧གོང་ས་མཆོག་གིས་བསྔགས་བརྗོད། ༼བསྒྲིགས
དྲ་བཤུས།/telanganatoday.com

རྒྱ་གར་གྱི་ཧིན་རྡུའི་ཆོས་དཔོན་ཞིག་གིས་རིགས་རུས་དབྱེར་མེད་ཀྱི་འདུ་ཤེས་དར་སྤེལ་གཏོང་ཐབས་གནང་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་མཛད་འདུག
ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཏེལན་གཱ་ན་མངའ་སྡེའི་རྒྱལ་ས་ཧཡེ་རྡར་བཱདྷ་ཡི་ཉེ་འཁྲིས་ར་གཱ་རེ་ཌིས་རྫོང་ཁོངས་ཀྱི་ ཅི་ཁུར་བ་ལ་ཇི་ཞུ་བའི་ཧིན་དུའི་ལྷ་ཁང་གི་དབུ་བླ་ སི་ཨེསྀ་ཪ་གཱ་ར་ཇན་མཆོག་གིས་རིགས་རུས་དབྱེར་མེད་ཀྱི་རྣམ་འགྱུར་མཚོན་ཆེད་དྷ་ལིཏ་ཞེས་རིགས་དམན་པར་བརྩི་བའི་ཨ་དྷི་ཡ་ཟེར་བའི་རིགས་བརྒྱུད་ཀྱི་མི་ཞིག་རང་ཉིད་ཀྱི་དཔུང་པའི་སྟེང་བསྣམས་ནས་ལྷ་ཁང་དུ་ཕེབས་པ་དེར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཕྱི་ཚེས་༢༠ཉིན། ཆོས་དཔོན་དེར་བསྔགས་བརྗོད་ཀྱི་ཕྱག་བྲིས་ཤིག་བསྩལ་གནང་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་ཕྱག་བྲིས་ཀྱི་ནང་།  ཁྱེད་ཀྱིས་མང་ཚོགས་ལ་དཀོན་མཆོག་གི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་རྣམ་འགྱུར་བསྟན་པ་དེས་ངོས་རང་ལ་སེམས་འགུལ་ཆེན་པོ་བྱུང་ལ། བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཁྱེད་རང་གི་རྣམ་འགྱུར་དེས་མི་མང་པོར་སེམས་ཤུགས་སྤར་ཐུབ་པ་དང་སྤྱི་ཚོགས་ཁྲོད་མིག་དཔེར་འོས་པ་ཞིག་རེད། དེས་ནུས་སྟོབས་ཡང་སྤེལ་ཐུབ་ཅེས་བཀའ་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ ཆོས་དཔོན་ར་གཱ་ར་ཇན་མཆོག་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་ཀྱི་ཕྱག་བྲིས་དེ་བསྩལ་བའི་སྐོར་ཞལ་པར་ཐོག་བཀའ་འདྲི་ཞུས་པར།  ཁོང་གིས་འཛམ་གླིང་ནང་ཆེས་བཀུར་ཞིང་མཚན་སྙན་གྲགས་ཆེ་བའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལྷ་ཁང་ཆུང་ཆུང་ཞིག་གི་བླ་མ་ཞིག་གིས་མི་ཚང་མ་འདྲ་མཉམ་ཡིན་པའི་རྣམ་འགྱུར་བསྟན་པ་དེར་བསྔགས་བརྗོད་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ངའི་རྣམ་འགྱུར་ཆུང་ཆུང་དེར་མི་མང་པོས་བསྔགས་བརྗོད་བྱེད་བཞིན་ཡོད་ཀྱང་།  རྒྱ་གར་ནང་ལོ་ངོ་བརྒྱ་ཕྲག་རིང་གནས་པའི་རིགས་དམན་པ་རྣམས་ལྷ་ཁང་དུ་འགྲོ་མི་ཆོག་པའི་སྲོལ་རྒྱུན་དེ་ནོར་འཁྲུལ་ཡིན་པ་ཡོངས་གྲགས་ཀྱི་ཐོག་ནས་གསུང་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་མ་གཏོགས་བྱུང་མེད་པ་འགྲེལ་བརྗོད་གནང་འདུག

གསར་འགོད་པ་རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎