༧གོང་ས་མཆོག་གི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོར་༧གོང་ས་མཆོག་སྐུ་དངོས་སུ་དབུ་བཞུགས་མཛད་རྒྱུ་རེད།

2023.07.05
༧གོང་ས་མཆོག་གི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོར་༧གོང་ས་མཆོག་སྐུ་དངོས་སུ་དབུ་བཞུགས་མཛད་རྒྱུ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Sukhvinder Singh Sukhu)་ལགས།
སྒྲིག་བཟོ། /RFA

འདི་ཟླའི་སྤྱི་ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༨ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཡིན་པ་དང་། ཉིན་དེར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་འཚོགས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་དབུ་བཞུགས་མཛད་རྒྱུ་ཡིན་པ་མ་ཟད། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Sukhvinder Singh Sukhu)་ལགས་མཛད་སྒོར་ཕེབས་རྒྱུ་ཡིན་པ་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁོང་གིས་གསུངས་ན། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕྱི་ཚེས་༦ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་བ་ཡོལ་ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་འབྱོར་བྱུང་གི་ཡོད་པ་རེད་འདུག
ལོ་སྔོན་མ་ཕྱི་ལོ་༢༠༢༢ལོའི་༧སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོར། སྐབས་དེའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Jai Ram Thakur)་ལགས་ཕེབས་གཏན་འཁེལ་ཡོད་ཅིང་། ཉིན་དེའི་གནམ་གཤིས་ཀྱི་རྐྱེན་པས་དངོས་སུ་ཕེབས་མ་ཐུབ་པར་དྲ་ལམ་བརྒྱུད་འཁྲུངས་སྐར་མཛད་སྒོར་མཉམ་བཞུགས་གནང་ཡོད་པ་རེད།

Sikyong PT.jpeg
ཉེ་ལམ་སྤྱི་ཟླ་༥བའི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་དང་ལྷན་མཇལ་མོལ་གནང་ཡོད་པ་རེད།


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎