བོད་མིའི་སྒྲིག་འཛུཊ་ཀྱིས་བལ་ཡུལ་གྱི་བོད་མིར་ངལ་སེལ་རོགས་རམ།


2015.05.29
བལ་ཡུལ་མཐའ་མཚམས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ། ༢༠༡༥།༥ བལ་ཡུལ་མཐའ་མཚམས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ། ༢༠༡༥།༥
K Noguchi

དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་བལ་ཡུལ་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་ལ་ཕེབས་ནས་བོད་མིར་རོགས་རམ་གནང་འདུག
དེ་ཡང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཉེ་ལམ་བལ་ཡུལ་དུ་ཕེབས་ནས་ས་ཡོམ་གྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་རང་རིགས་བོད་རིགས་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་གྲུབ་རྗེས་ཕྱི་ལོ་༢༠༡༥ཟླ་༥ཚེས་༢༨ རེས་གཟའ་ཕུར་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད། ད་ལམ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་གཉིས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་གནང་སྟེ། བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིར་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེ་ཕོག་སར་ཐུགས་གསོའི་འཚམས་འདྲི་དང་ཆབས་ཅིག་དངོས་སུ་ས་གནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲུ་བོད་མིའི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག བཟོ་གྲྭ། དེ་བཞིན་དགོན་སྡེ་ཆེ་ཁག སྣེ་ལེན་ཁང་། རྒན་གསོ་ཁང་། ལས་ཁུངས་ཁག་བལ་ཡུལ་པོག་རཱ་ཁུལ་དང་། རཱ་སུ་ཝ་རྫོང་ཁོངས་ཤབ་རུ་དང་། ཐེམ་པོ་ཆེའི་གཞིས་ཆགས་སོགས་དང་། དེ་བཞིན་སྒེར་གྱི་ཁང་ཁྱིམ། ཤབ་རུ་སློབ་ཁང་དང་ཕྲུ་གུའི་ཉལ་ཁང་། ལས་ཁུངས་སོགས་ཆ་ཚང་ས་ཡོམ་གྱི་གོད་ཆག་འོག་ཞིག་རལ་དུ་གྱུར་ཡོད། བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་བྱུང་མ་ཐག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གཞུང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་། ༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངལ་སེལ་རོགས་རམ་ཆེད་བལ་སྒོར་འབུམ་ལྔ་བཅུ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལ་སྒོར་འབུམ་ཉི་ཤུ་ཞལ་འདེབས་གནང་ཡོད། ཞལ་འདེབས་དེ་དག་བལ་ཡུལ་འབྲེལ་མཐུད་བརྒྱུད་འབུལ་ལམ་ཞུ་ཐུབ་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་གནས་སྡོད་བོད་མིར་ས་ཡོམ་གྱི་ཛ་དྲག་ངལ་སེལ་ཆེད་དང་ཐོག་བལ་སྒོར་འབུམ་བཅུ་དྲུག་དང་། དེ་རྗེས་བལ་སྒོར་འབུམ་བཞི་བཅུ་བཅས་བལ་ཡུལ་བོད་མིའི་འབྲེལ་མཐུད་པའི་གཙོ་སྐྱོང་འོག་ཚོགས་མི་དྲུག་ལས་གྲུབ་པའི་ཛ་དྲག་ངལ་སེལ་ཚོགས་ཆུང་ལ་གནང་ཟིན་པས་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བའི་རྗེས་ཤུལ་ནང་མི་དང་། རྨས་སྐྱོན་ཕོག་པ་སོགས་ལ་གང་ཅིའི་རོགས་མགོན་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་གཅིག་འདས་གྲོངས་སུ་ཕྱིན་རིགས་ལ་བལ་སྒོར་ཁྲི་༥དང་། གཉིས་ལས་མང་བ་གྲོངས་པར་འབུམ་༡ ། སྡོད་ཁང་ཞིག་རལ་གྱུར་བར་བལ་སྒོར་༡༠༠༠༠རེ་བཅས་གནང་རྒྱུ་ཡིན་སྐོར་སོགས་ད་དུང་མུ་མཐུད་ངལ་སེལ་དང་ཕུགས་འཁྱོངས་ལས་འཆར་ཁག་ལའང་དགོངས་བཞེས་གནང་མུས་ཡིན་པ་སོགས་གསུངས་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎