སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་འཁོད་དེ་ལོ་༡༠༠འཁོར་བའི་སྐོར།

རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་དེ་ལོ་༡༠༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ།

2010.02.09

༄༅༎བཙན་བྱོལ་བོད་གཞུང་གིས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་དེ་ལོ་༡༠༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གཏན་འཁེལ་འདུག

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་དོན་ལྟར་ན་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་མཆོག་ལས་རྣམ་རྒྱལ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་ནས་ད་ལོ་ལོ་བརྒྱ་འཁོར་བའི་གཞུང་འབྲེལ་རྗེས་དྲན་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར་ འདི་ཟླའི་ཚེས་༢༥ཡི་སྔ་དྲོར་བཞུཌ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གནང་རྒྱུ་དང་སྐབས་དེར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དབུས་པའི་ཆེས་མཐོའི་མི་སྣ་རྣམས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་ཉིན་རྒྱབ་ཕྱག་ཚོད་༢་དང་ཕྱེད་ཀའི་ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་ཚོགས་ཁང་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་མཛད་རྗེས་རླབས་ཆེན་ཁག་གི་སྐོར་བོད་གཞུང་གི་གཞུང་ཞབས་རྣམས་ལ་དམིགས་བསལ་གསུང་བཤད་གནང་གཏན་འཁེལ་འདུག ཕྱི་ལོ་༡༩༠༩་ལོར་རྒྱ་མིའི་དམག་དཔོན་ཁྲའོ་ཨར་ཕེང་ཡིས་སྣེ་འཁྲིད་པའི་རྒྱ་མིའི་དམག་མི་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱལ་མགོར་འབྱོར་བའི་གནས་ཚུལ་ཁྱབ་སྐབས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གང་ཏོག་བརྒྱུད་ནས་རྒྱ་གར་ནང་ཕྱི་ལོ་༡༩༡༠་ལོར་ཞབས་སོར་འཁོད་གནང་བ་དང་ཕྱི་ལོ་༡༩༡༡་ལོར་རྒྱ་ནག་གི་མན་ཇུ་གོང་མ་གནས་དབྱུང་བཏང་སྟབས་ བོད་ནང་མན་ཆུ་གོང་མའི་དམག་མི་ཡོངས་རྫོགས་ཕྱིར་འབུད་བཏང་སྟེ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་བོད་ལ་ཕྱིར་ཕེབས་བསྐྱངས་གནང་མཛད་ནས་ཕྱི་ལོ་༡༩༡༣་ལོར་བོད་རང་བཙན་གཙང་མ་ཡིན་པའི་དོན་ཚན་ལྡ་ལྡན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་མ་ཟད་ ད་ལྟའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དེ་ལྗགས་རྩོམས་གནང་བ་དང་དེ་བཞིན་བོད་ནང་བཅོས་བསྒྱུར་མང་པོ་གཏོང་གནང་བཀྲིན་ཆེ་གནང་མཛད་པའི་གནས་ཚུལ་མདོར་ཙམ་ཞིག་ཀྱང་སྤེལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎