ནང་སྲིད་བཀའ་བློན་མཆོག་ལྦ་རྰ་ན་སིར་ཕེབས་པ།
2011.12.17
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་ཧིན་རྡུའི་གནས་མཆོག་ལྦ་ར་ན་སིར་ National Conference of world Women Awakening Organization འམ་ འཛམ་གླིང་གི་བུད་མེད་སྐུལ་འདེད་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུར་མཉམ་ཞུགས་གནང་རྒྱུའི་ཆེད་དུ། ཟླ་བ་འདིའི་ཚེས་༡༥འི་ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་བརྒྱུད་ཕེབས་ཐོན་གྱིས་ཚེས་ ༡༦ གཟའ་པ་སངས་ཉིན་མཁའ་ལམ་བརྒྱུད་ཕྱི་ཚེས་ ༡༧ ཉིན་ལྦ་ར་ན་སིར་ཕེབས་ཏེ་དེ་རིང་དང་སང་ཉིན་ཚེས་ ༡༨ ཉིན་ལྦ་ར་ན་སིར་འཛམ་གླིང་བུད་མེད་སྐུལ་འདེད་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། དེ་མིན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ ཟླ་བ་འདིའི་ ཚེས་ ༡༩འི་ཉིན་ལྦ་ར་ན་སི་ནས་རི་ལིའི་ནང་ལྡི་ལིར་ཕེབས་ཐོན་དང་ ཚེས་ ༢༠ ཉིན་ ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་གསལ་བསྒྲགས་སྤེལ་གནང་འདུག།