པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོའི་སྐོར།

རྒྱ་ནག་གཞུང་གིས་ཧ་ཅང་གི་གལ་ཆེར་རྩིས་ཀྱི་ཡོད་པའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་རིང་དངོས་སུ་འགོ་འབྱེད་མཛད་སྒོ་སྤེལ་ཡོད་པ་རེད།

2008.08.08

༄༅༎རྒྱ་ནག་གཞུང་གིས་ཧ་ཅང་གི་གལ་ཆེར་རྩིས་ཀྱི་ཡོད་པའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་རིང་དངོས་སུ་འགོ་འབྱེད་མཛད་སྒོ་སྤེལ་ཡོད་པ་དང༌། ཡིན་ནའང་རྒྱ་ནག་གི་མཁའ་རླུངས་སྦག་གཙོག་གི་གནད་དོན་དང་ བདེ་འཇགས་སྲུང་བྱ་དམ་བསྒྲགས་ཆེན་པོ་ཡོད་པའི་གནད་དོན་དེ་ཚོས་ཨོ་ལིམ་པིག་རྩེད་འགྲན་ལ་ཤུགས་རྐྱེན་ངན་པ་ཞིག་བཟོ་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོ་དེ་བཞིན་རྩེད་འགྲན་ནང་ནས་གལ་འགངས་ཆེ་བའི་ཆ་ཤས་ཤིག་ལ་རྩིས་ནས་ དེའི་ཐོག་འཛམ་གླིང་ཡུལ་གྲུ་མང་པོའི་དཔོན་རིགས་གདན་ཞུ་བྱས་ཡོད་པ་མ་ཟད། འགོ་འབྱེད་མཛད་སྒོ་གཞས་སྣ་འཁྲབ་སྟོན་གྱི་འཁྲབ་ཁྲིད་ཀྱང་རྒྱ་ནག་ནང་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་ཁྲིད་པ་ཀྲང་དབྱིད་མུའུ་ཡིས་འདས་པའི་ལོ་ངོ་གསུམ་རིང་གྲ་སྒྲིག་བྱས་ཡོད་པ་དང་ དེ་བཞིན་དེའི་ཉིན་རྒྱ་ནག་གཞུང་གིས་འདེམས་སྒྲུག་བྱས་པའི་མི་སྣ་ཚོ་མ་གཏོགས་དེ་མིན་མི་སེར་ཚོ་དེའི་ཉིན་རང་ཁྱིམ་དུ་བསྡད་ནས་བརྙན་འཕྲིན་ཐོག་ནས་འགོ་འབྱེད་མཛད་སྒོ་ལྟད་མོ་ལྟ་རྒྱུའི་སྐུལ་མ་བྱས་ནས་མི་རྣམས་ཕྱི་ལ་འདོན་རྒྱུར་དོགས་ཟོན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྤེལ་རྒྱུར་རྒྱ་མི་མི་སེར་ཁག་ཅིག་གིས་དགའ་སྤྲོའི་རྣམ་འགྱུར་ཤུགས་ཆེན་པོ་བཏོན་གྱི་ཡོད་ཅིང༌། རང་ལོ་༨༣ ལ་སླེབས་པའི་དེ་སྔོན་རྒྱལ་སྤྱིའི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་གྱི་ཉམས་ཞིབ་ལུའུ་རན་སེ་ཞེས་པས་བརྗོད་ན་ གལ་སྲིད་ཁྱེད་རང་རྒྱ་མི་རིགས་ཡིན་ཚེ་ ཁྱེད་རང་ད་རེས་ངེས་པར་དུ་ཨོ་ལིམ་པིག་རྩེད་འགྲན་སྤེལ་སར་ཡོང་དགོས་ཀྱི་རེད་ དེ་ནི་ལོ་ངོ་བརྒྱའི་རིང་གི་རྨི་ལམ་དངོས་སུ་གྲུབ་པ་རེད་ཅེས་བརྗོད་འདུག ཡིན་ནའང་རྒྱ་མིའི་མི་སེར་མང་པོས་རྒྱ་ནག་གཞུང་གིས་ཕྱིའི་རྣམ་པ་སྐྲུན་རྒྱུའི་ཆེད་ཨོ་ལིམ་པིག་རྩེད་འགྲན་སྤེལ་ནས་རྒྱལ་ནང་གི་མི་སེར་ཚོར་བརྡབས་གསིགས་ཆེན་པོ་བཟོ་གི་ཡོད་པར་བསྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎