ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ནས་འབར་མའི་ཐོག་སྲིད་ཇུས།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ནས་འབར་མའི་ཐོག་དགོངས་བཞེས་གནང་དགོས་ཀྱི་ཡོད་ལུགས།

2009.07.22

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ནས་འབར་མའི་ཐོག་དགོངས་བཞེས་གནང་དགོས་ཀྱི་ཡོད་ལུགས་གསུངས་ཡོད་པ་རེད།

དེ་ཡང་ཐའེ་བརྙན་འཕྲིན་ལས་ཁང་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་ལ་འབར་མའི་དྲག་པོའི་སྲིད་གཞུང་ནས་འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུའི་ཀི་བཟང་བཙོན་ནས་གློད་བཀྲོལ་མ་གནང་བ་ཡིན་ན་འབར་མ་དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཁོངས་ནས་ཕྱིར་འབུད་གཏོང་དགོས་ཀྱི་རེད་དམ་ཞེས་བཅའ་འདྲི་གནང་བའི་སྐབས་ལྕམ་ཧི་ལི་རི་ཀི་ལིན་ཊེན་མཆོག་གིས་གལ་ཏེ་འབར་མའི་དྲག་པོའི་སྲིད་གཞུང་ནས་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་བཟང་བཙོན་ནས་གློད་བཀྲོལ་མ་བཏང་བ་ཡིན་ན་གོང་ཞུས་མཐུན་ཚོགས་རྒྱལ་ཁབ་ཀྱི་སྲིད་ཇུས་འགྱུར་བ་གཏོང་རྒྱུའི་ཐད་ལ་དགོངས་བཞེས་གནང་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་ལན་འདེབས་གནང་ཡོད་པ་རེད། ལྕམ་ཨང་སང་སུ་ཀི་བཟང་བཙོན་དུ་འཇོག་སའི་ཁང་པའི་ནང་ཉེ་ཆར་ཨ་མི་རི་ཀའི་མི་ཞིག་འཛུལ་བཞུགས་བྱས་པའི་ནག་ཉེས་ལ་བརྟེན་ནས་འབར་མའི་གཞུང་གིས་ཁྲིམས་གཏུགས་བྱས་པ་དེའི་ཐོག་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་དེ་ནི་དྲང་བདེན་མིན་པའི་ཁྲིམས་གཏུགས་ཤིག་ཡིན་པའི་སྐྱོན་བརྗོད་གནང་བ་མ་ཟད་འབར་མའི་དྲག་པོའི་སྲིད་གཞུང་ནས་ལྕམ་ཨང་སང་སུ་ཀི་དང་དེ་བཞིན་འབར་མའི་མང་གཙོའི་དོན་གཉེར་བ་ཁག་ཅིག་འཛིན་བཟུང་བཙོན་འཇུག་བྱས་པའི་ཐོག་སྐྱོན་བརྗོད་གནང་བ་དང་སྦྲགས་ཨ་རིའི་གཞུང་ནས་འབར་མའི་ཐད་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎