རྒྱ་ནག་གི་དམག་དོན་ཆབ་སྲིད་ཚན་པའི་འགན་འཛིན་རང་ཤི་བརྒྱབ་འདུག


2017.11.28
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ་ཀྲང་ཡང་ (Zhang Yang) རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ་ཀྲང་ཡང་ (Zhang Yang)
པར་ཚགས།

ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་ཆབ་སྲིད་ཚན་པའི་འགན་འཛིན་དང་དམག་སྤྱི་ཆེན་མོ་ཀྲང་ཡང་རང་ཤི་བརྒྱབ་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ་ཉིན་གྱི་ཞོགས་པར་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ་ཀྲང་ཡང་ (Zhang Yang) ་གིས་སྐེ་བཏགས་རྒྱབ་ནས་རང་ཤི་བརྒྱབས་ཡོད་པ་ཕྱི་ཚེས་༢༨ཉིན་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་རྒྱ་ནག་དམག་དོན་ལྷན་ཁང་གི་དཔོན་རིགས་ཀྱི་སྐད་ཆ་ལུང་འདྲེན་བྱས་ནས་སྤེལ་བའི་གནས་ཚུལ་ནང་། དམག་སྤྱི་ཀྲང་ཡང་ནི་ཕྱི་ལོ་ ༢༠༡༦ ་ལོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་པའི་རྒྱ་ནག་མི་མང་བཅིངས་འགྲོལ་དམག་གི་དམག་སྤྱི་ཆེན་མོ་ཟུར་པ་གོ་པའོ་ཞུང་ (Guo Boxiong) དང་། ཕྱི་ལོ་༢༠༡༤ ་ལོར་འཛིན་བཟུང་བྱས་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགོ་འཛིན་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་ (Xu Caihou) ་གཉིས་དང་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ་པའི་ཚེས་ ༢༨ ་ཉིན་རྒྱ་ནག་དབུས་དམར་ཤོག་ལྷན་ཁང་གིས་ཀྲང་ཡང་གི་ཁྲིམས་འགལ་དོགས་གཞིར་ཞིབ་བཤེར་ཆོག་པའི་ཆོག་མཆན་སྤྲད་དེ། རང་ཁྱིམ་དུ་འདྲི་རྩད་ཞིབ་བཤེར་བྱས་པ་བརྒྱུད་ཁོས་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པ་དང་། ལྐོག་རྔན་འབོར་ཆེན་བླངས་བ། སྒེར་གྱི་རྒྱུ་དངོས་མང་པོའི་འབྱུང་ཁུངས་གསལ་པོ་མེད་པ་སོགས་ཀྱི་ནག་ཉེས་ར་འཕྲོད་བྱུང་ཡོད་སྟབས། ཕྱི་ཚེས་ ༢༣ ་ཉིན་གྱི་ཞོགས་པར་རང་ཁྱིམ་དུ་རང་ཤི་བརྒྱབས་ཡོད་པའི་སྐོར་བཀོད་ཡོད་འདུག
རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕིང་གིས་རྒྱ་ནག་ནང་ལྐོག་ཟར་འགོག་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་ནང་དཔོན་རིགས་རང་ཤི་རྒྱབ་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང་། ཡིན་ནའི་གོ་གནས་མཐོ་བའི་དམག་དཔོན་རིགས་རང་ཤི་རྒྱབ་ཡས་ཀྱི་གནས་ཚུལ་དེ་རིགས་མཐོང་དཀོན་པ་ཞིག་ཡིན་ཞིང་། གནད་དོན་དབྱེ་ཞིབ་པས་ཞིའི་ཅིང་བིང་གིས་ལྐོག་ཟའི་ལས་འགུལ་དེའི་འོག་དཔོན་རིགས་རང་ཤི་རྒྱབ་མཁན་གྱི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་པའི་སྐོར་བརྗོད་ཀྱི་ཡོད་ཅིང་། ཕྱི་ལོ་༢༠༡༤ལོར་རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་རྩིས་ཕྱིར་བསྒྲགས་བྱས་པའི་ནང་། ལྐོག་ཟར་འགོག་རྒོལ་གྱི་ལས་འགུལ་འོག་༢༠༡༢ ་ལོར་མི་གྲངས་ ༡༢ ་ཀྱིས་རང་ཤི་བརྒྱབས་པའི་ནང་མི་ ༤ ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་སྤྲོད་ལེན་ལ་འབྲེལ་བ་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ་ལོར་མི་ ༧ ་བྱུང་བའི་ནང་ ༢ ་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་ཡོད་པ། ཕྱི་ལོ་ ༢༠༡༤ ་ལོར་ ༣༩ ་བྱུང་བའི་ནང་མི་ ༧ ་ལྐོག་རྔན་དང་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་ཡོད་སྐོར་བརྗོད་ཡོད་པ་རེད།
ཕྱི་ལོ་༢༠༡༢ ་ལོ་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་གཙང་བཟོའི་ལས་འགུལ་སྤེལ་བ་ནས་ད་བར་རྒྱ་ནག་མི་མང་ས་ཡ་༡།༤ ལྷག་ལ་ཞིབ་བཤེར་ཉེས་ཆད་ཕོག་ཡོད་པ་དང་། དེའི་ནང་རྒྱ་ནག་གི་མཐོ་རིམ་འགོ་འཁྲིད་༣༠༠ མ་ཟིན་ཙམ་དང་ཉུང་མཐར་དམག་དཔོན་སོགས་དམག་དོན་སྲི་ཞུའི་ལས་བྱེད་ ༡༣༠༠༠ ཙམ་ཡོད་འདུག
སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་དེ་ནི་རང་ཉིད་ཀྱི་དབང་ཆ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་སྲ་བརྟན་ཡོང་བ་དང་། རང་ལ་ཁ་གཏད་གཅོག་མཁན་ཚོ་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༢ ་ལོར་སྲིད་དབང་བཟུང་བ་ནས་ལོ་ལྟར་སྲིད་གཞུང་གི་དཔོན་རིགས་རང་ཤི་བརྒྱབ་མཁན་གྱི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎