ཁམས་ནག་ཤོད་འབྲི་རུ་རྫོང་ཁོངས་ནས་བོད་མི་ལྔ་འཛིན་བཟུང་།

བོད་མི་ཁག་ཅིག་གིས་སྐད་འབོད་བྱེད་འཆར་ཡོད་པ་ཤེས་རྟོགས་བྱུང་སྟེ་ཁམས་ནག་ཤོད་འབྲི་རུ་རྫོང་ཁོངས་ནས་བོད་མི་ལྔ་འཛིན་བཟུང་བྱས་འདུག

2012.03.17

༄༅༎དེ་ཡང་ཟླ་༣ ཚེས་༩ ཉིན་བོད་མི་འཛོམས་ལྷ་དཀར་གཙོས་བློ་ཁ་མཐུན་པའི་མི་སྣ་མང་པོ་ཞིག་ནག་ཆུ་ཁུལ་ཐོག་ཏུ་ཡོད་པའི་“བསོད་ནམས་ཞིང་བོད་ལུགས་གསོལ་ཚིགས་ཁང་”ཞེས་པར་འཛོམས་ནས། རྒྱ་དམར་སྲིད་གཞུང་གིས་དམྱལ་བ་མི་ཡུལ་ལ་འཕོས་པ་ལྟ་བུའི་གསོད་རྡུང་མནར་གཅོད་སོགས་བྱས་ནས་མི་ལོ་ཧྲིལ་པོ་༥༣ དྲན་གསོའི་ཉིན་མོར་ཞི་རྒོལ་བྱེད་འཆར་དང་། འབོད་ཚིག་ནང་བོད་ལ་རང་དབང་དགོས་པ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་པ། དགོན་པ་སྒོ་རྒྱབ་པ་རྣམས་ཕྱེ་དགོས་པ། གྲྭ་པ་རྣམས་ལ་སློབ་གཉེར་གྱི་རང་དབང་སྤྲོད་དགོས་པ། འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་སྐད་འབོད་བྱེད་འཆར་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། བློ་ཕམ་དགོས་པ་ཞིག་ལ་གནས་ཚུལ་དེ་དག་རྒྱ་དམར་གསང་བའི་ཉེན་རྟོག་པས་ལས་འགུལ་སྤེལ་འཆར་དེ་སྔ་ཉིན་ནས་ཤེས་རྟོགས་བྱུང་སྟེ། ཟླ་ཐང་ཤང་ནས་ཡིན་པ་ཀརྨ་ཐར་ལམ་དང་། རྩ་ལ་ཤང་ནས་ཡིན་པ་སྲིད་དགའ་གཉིས་ཚེས་༩ མཚན་མོ་ཆུ་ཚོད་༣ པའི་ཐོག་འཛིན་བཟུང་བྱས་པ་དང་། ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༨ པ་ཙམ་ལ་འཛོམས་ལྷ་དཀར་ཡང་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་ཚེས་༡༤ ཉིན་ཟླ་ཐང་ཤང་ནས་ཡིན་པ་འབྲུག་གྲགས་དང་། ཆགས་ཟེ་ཤང་ནས་ཡིན་པ་ཚེ་མགོན་གཉིས་གནས་ཚུལ་དེའི་རྐྱེན་པས་འཛིན་བཟུང་བྱས་ཡོད་འདུག ད་ལྟ་ཁོང་ཚོ་བཙོན་ཁང་གང་དུ་ཡོད་མེད་དང་། འཆི་གསོན་གང་བྱུང་གི་གནས་ཚུལ་སོགས་གསལ་པོ་ཤེས་རྟོག་ཐུབ་ཀྱི་མེད་པ་རེད་འདུག་ཅེས་འགྲེལ་བརྗོད་བྱས་སོང་། ཀརྨ་ཐར་ལམ་དང་། འཛོམས་ལྷ་དཀར་ནི་ཁམས་ནགས་ཤོད་འབྲི་རུ་རྫོང་ཟླ་ཐང་ཤང་ནས་ཡིན་པ་དང་། སྲིད་དགའ་ནི་རྩ་ལ་ཤང་ནས་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎