བོད་དཀར་མཛེས་ཁུལ་དུ་བོད་མི་གསུམ་འཛིན་བཟུང་བྱས་འདུག

བོད་དཀར་མཛེས་ས་ཁུལ་གྱི་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2008.07.01

༄༅༎བོད་ཀྱི་དཀར་མཛེས་ས་ཁུལ་གྱི་གསེར་རྟ་རྫོང་དུ་སྤྲུལ་སྐུ་ཞིག་དང་དགེ་འདུན་པ་གཉིས་ཀྱིས་བོད་ཀྱི་རྒྱལ་དར་ལག་ཏུ་འཛིན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ས་གནས་ཀྱི་རྒྱ་ནག་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བརྒྱད་ཀྱི་ཕྱིི་དྲོ་ཆུ་ཚོད་གཉིས་དང་སྐར་མ་བཅོ་ལྔའི་ཐོག་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་རྫོང་དེ་གའི་ནང་དུ་ཡོད་པའི་ནུབ་ཟུར་དགོན་པའི་སྤྲུལ་སྐུ་དགེ་འདུན་ཞུ་བ་ཞིག་དང་གྲ་པ་ས་གཞི་དང་གཡང་ཕྱུག་གཉིས་བཅས་བོད་རིགས་གསུམ་གྱིས་ངོ་རྒོལ་སྐད་འབོད་གནང་ནས་ཁོང་གསུམ་གྱིས་བོད་ཀྱི་རྒྱལ་དར་གནམ་དུ་འཕྱར་ནས་བོད་རང་བཙན་ཡིན་པ་དང་༸གོང་ས་མཆོག་ཕྱིར་བོད་ལ་ཕེབས་སུ་འཇུག་དགོས་པའི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་འདུག

ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བོད་ཆོལ་ཁ་གསུམ་གྱི་ཁུལ་དུ་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་འཛིན་ལ་འདོད་པ་མེད་པའི་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་དང་ད་ལྟ་རྒྱ་ནག་གི་དམ་བསྒྲགས་འོག་ས་ཁུལ་མང་ཆེ་བའི་ནང་ངོ་རྒོལ་གྱི་གནས་ཚུལ་ཐོན་རྒྱུ་མེད་རུང་གསེར་རྟ་རྫོང་དང་དཀར་མཛེས་རྫོང་གཉིས་ཀྱི་ནང་བོད་མི་རྣམས་ཀྱི་མུ་མཐུད་ནས་ངོ་རྒོལ་གནང་གི་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་དུ་འབྱོར་བཞིན་དུ་འདུག།

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎