རྒྱ་གཞུང་གིས་བོད་ནང་བོད་མི་གསུམ་ལ་ཁྲིམས་ཐག་བཅད་པ།

འདི་ལོའི་བོད་ནང་གི་ཞི་བའི་ངོ་རྒོལ་གྱི་ནག་ཉེས་འོག་བོད་ཤར་ཕྱོཌ་མགོ་ལོག་གསེར་རྟ་རྫོང་དུ་བོད་མི་གསུམ་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་པ།

2008.12.05

༄༅༎སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ད་ལྟའི་སུ་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་མགོ་ལོག་གསེར་རྟ་རྫོང་ཁྲིམས་ཁང་གིས་རྫོང་དེའི་ཕུ་ཀི་ཞང་གི་དགུང་ལོ་བཞི་བཅུ་ཞེ་བདུན་ཡིན་པའི་རིང་བདག་དང་ཁོང་གི་ཚ་བོ་དགུང་ལོ་སུམ་བཅུ་ཡིན་པའི་སྨན་སྐྱབས་དེ་བཞིན་དགུང་ལོ་བཞི་བཅུ་ཞེ་ལྔ་ཡིན་པའི་ཀོ་བསོད་བཅས་བོད་མི་བཞི་ལ་རྒྱ་ནག་གཞུང་གིས་འདི་ལོའི་ཞི་བའི་ངོ་རྒོལ་སྒེར་ལངས་ནང་ཞུགས་པའི་ནག་ཉེས་འོག་ལོ་གཅིག་ནས་གཉིས་དང་ཕྱེད་ཀའི་བར་ཁྲིམས་ཐག་བཅད་ཡོད་པ་མ་ཟད་ཁོང་ཚོར་རྒྱ་སྒོར་ཁྲི་བཅུ་ཡི་ཆད་པ་བཅད་དེ་ཉེན་རྟོག་པས་གཅར་རྡུང་ཚད་མེད་བཏང་ཡོད་པའི་སྐོར་ད་ལྟ་རྒྱ་གར་འབྲས་སྤུངས་དགོན་པར་ཡོད་པའི་ཕ་ཡུལ་གསེར་རྟ་ནས་ཡིན་པའི་དགེ་འདུན་པ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་་པ་རེད།

གོང་ཞུས་བོད་མི་དེ་དག་ད་ལོའི་ཕྱི་ཟླ་གསུམ་པར་གསེར་རྟ་ས་ཁུལ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གྱི་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་ཉེ་ཆར་ནང་མི་ཁ་ཤས་ལ་བརྡ་སྤྲད་ནས་གསེར་རྟ་ཁྲིམས་ཁང་དུ་ཁྲིམས་གཅོད་དུས་སུ་ཁོང་ཚོས་དུས་ཡུན་ཙམ་མཐོང་ཡོད་པ་དང་ནང་མིས་སྐབས་དེར་རིག་བདག་དང་ཁོང་ཚོ་གསུམ་པོར་གཅར་རྡུང་དྲག་པོ་བྱས་ཡོད་པའི་སྐོར་མཐོང་བ་དགེ་འདུན་པ་ཐུབ་བསྟན་འཕེལ་ལགས་ཀྱིས་འདི་ལྟར་འགྲེལ་བརྗོད་གནང་ཡོད་པ་དང་ཡང་ཁྲིམས་བཤེར་དུས་སུ་ས་གནས་ཁྲིམས་དཔོན་གྱིས་རིག་བདག་ལགས་ལ་ནག་ཉེས་ངོས་ལེན་སྐོར་ལ་སྐད་ཆ་ཐུང་ཐུང་བཤད་དུ་བཅུག་པ་དང་གཞན་པ་གཉིས་ལ་སྐད་ཆ་བཤད་མ་བཅུག་པར་ཁྲིམས་ཐག་བཅད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཏེ་ཁྲིད་ཡོད་ནའང་ད་ལྟའི་ཆར་བཙོན་ར་གང་དུ་ཡོད་མེད་གསལ་པོ་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎