བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་འཆར་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱིས་བོད་ནང་གི་གཏེར་ཁ་བསྔོགས་འདོན་དང་བཟོ་ལས་ལས་དོན་ཐོག་མ་རྩ་འཕོན་ཆེ་འཛུགས་རྒྱུའི་འཆར་གཞི་ཡོད་འདུག

2008.09.05

༄༅༎བོད་རང་སྐྱོང་ལྗོངས་ཀྱིས་བོད་ནང་གི་གཏེར་ཁ་བསྔོགས་འདོན་དང་བཟོ་ལས་ལས་དོན་ཐོག་མ་རྩ་འཕོན་ཆེ་འཛུགས་རྒྱུའི་འཆར་གཞི་ཡོད་འདུག

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་འཁོད་པར། རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་ཆེད་ བོད་ནང་བཟོ་ལས་ཐོན་སྐྱེད་ལས་འཆར་ཁག་༢༢ཙམ་ལ་གཞི་རྒྱ་ཆེ་བའི་མ་རྩ་འཛུགས་འཇོག་བྱ་རྒྱུ་ཡིན་པ་ས་གནས་གཞུང་གི་དཔོན་རིགས་ནས་འགྲེལ་བརྗོད་བྱས་པའི་སྐོར་ལུང་འདྲེན་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་ཁག་༡༠ཙམ་དང་ དེ་བཞིན་ཨར་ལས་འཛུགས་སྐྲུན་ལས་གཞི་ཁག་བཞི་ དེ་བཞིན་སྨན་བཅོས་དང་བཟའ་ཆས་ཀྱི་ལས་འཆར་ཁག་གསུམ་ བཟོ་ལས་འཕེལ་རྒྱས་ཀྱི་ལས་འཆར་ཁག་ལྔ་ཙམ་བཅས་ལ་མ་འོངས་ལོ་ལྔའི་ནང་མི་མང་ཤོག་སྒོར་ཐེར་འབུམ་༢༡དང་གྲངས་ཆུང་༡༧ཙམ་གྱི་མ་དངུལ་གཏོང་རྒྱུ་ཡིན་པ་བོད་རང་སྐྱོང་ལྗོངས་དཔལ་འབྱོར་འཆར་འགོད་ལས་ཁང་གི་དཔོན་རིགས་ལིའི་ཤག་ཟེར་བས་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་བཅར་འདྲིར་ལན་འདེབས་བྱེད་པའི་སྐབས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎