རྒྱ་ནག་དཔོན་རིཊ་ཤིག་གིས་༸གོང་ས་མཆོག་ལ་ཞལ་པར་ཕུལ་བ།
2008.05.12
༄༅༎བོད་མི་མང་མདོ་སྨད་སྤྱི་འཐུས་མཁས་གྲུབ་ལགས་ཀྱིས། རྒྱ་ནག་གི་དཔོན་རིགས་བགྲེས་པ་ཞིག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག ཨོ་ལིམ་པིཀ་ཡི་རྩེད་འགྲན་གྱི་མཛད་སྒོར་མགྲོན་
འབོད་འབུལ་་བ་ཡིན་ན་ཕེབས་ཀྱི་ཡོད་མེད་སྐོར་ཞལ་དཔར་ཕུལ་མཁན་བྱུང་སྐོར། ཁོང་གིས་རའུ་ཊར་གསར་འགྱུར་ལས་
ཁང་ལ་གསུངས་འདུག དེང་སྐབས་ཐེ་ཝན་ནང་བཞུགས་པའི་བོད་མི་མང་སྤྱི་འཐུས་མཁས་གྲུབ་ལགས་ནི། སྐུའི་གཅེན་པོ་སྐོུ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྲས་ཡིན་པ་དང༌། ཁོང་གིས་ རའུ་ཊར གསར་འགྱུར་ལས་ཁང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ཨོ་ལིམ་པིཀ་ཡི་རྩེད་འགྲན་གྱི་མཛད་སྒོར་ཚོགས་ཞུགས་གནང་གི་ཡོད་
མེད་སྐོར་བཀའ་འདྲི་ཞུ་མཁན་གྱི་རྒྱ་རིགས་དཔོན་དེ་སུ་ཡིན་མིན་ངོ་སྤྲོད་གནང་མེད་ཀྱང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་ཨོ་ལིམ་པིཀ་ཡི་རྩེད་འགྲན་གྱི་མཛད་སྒོར་མགྲོན་འབོད་འབུལ་བ་ཡིན་ན། དེའི་ནང་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་མཚོན་པ་དང་ཁོང་གི་དགོངས་པར་༸གོང་ས་མཆོག་གིས་དེར་ཞལ་བཞེས་གནང་གི་རེད་དགོངས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། ཡང་སྥྱི་འཐུས་མཁས་གྲུབ་ལགས་ཀྱིས་རའུ་ཊར་ གསར་འགོད་པར་བཀའ་མོལ་གནང་བའི་ནང༌། ད་རེས་རྒྱ་བོད་གཉིས་ཀྱི་བར་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་དེ། དོན་ཕན་ལྡན་པ་ཞིག་བྱུང་མེད་པའི་སྐོར་དང་། དེ་ནི་ཕན་ཚུན་གཅིག་གི་གཅིག་ལ་གནད་དོན་ཁ་གཡོགས་བྱས་པ་ཙམ་མ་གཏོགས་ནང་དོན་ཡོད་པ་ཞིག་གཟིགས་མ་བྱུང་ཞེས་གསུངས་གནང་འདུག།