རྒྱ་ནག་སྲིད་འཛིན་གཞོན་པ་ལོ་ཤས་རྗེས་སྲིད་འཛིན་དུ་བསྐོ་བཞག
2009.09.15
༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ལོ་ཤས་ནང་ཚུད་སྲིད་འཛིན་གསར་པར་བསྐོ་བཞག་བྱེད་རྩིས་ཡོད་པའི་གནས་ཚུལ་ཐོན་འདུག
གཞུང་འཛིན་གུང་བྲན་ཏང་གི་ལོ་རེའི་ཚོགས་ཆེན་རེས་གཟའ་མིག་དམར་ཉིན་འགོ་ཚུགས་ཡོད་པ་ལྟར་ཚོགས་མི་༢༠༤བྱས་པའི་ཚོགས་ཆེན་དེས་ཉིན་བཞིའི་རིང་གྲོས་བསྡུར་གནང་བའི་རྗེས་སུ་སྲིད་འཛིན་གཞོན་པ་ཞི་ཇིན་པིང་རྒྱལ་ཁབ་ཀྱི་དམག་སྤྱིར་བསྐོ་བཞག་གནང་རྩིས་ཡོད་ལུགས་བེ་ཅིང་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག དབང་ཆ་ཧ་ཅང་ཆེ་བའི་དམག་དོན་ལྷན་ཁང་གི་དབུ་ཁྲིད་ཀྱི་མཚན་གནས་ཐོག་ནས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་ཁོང་གུང་བྲན་ཏང་གི་གཙོ་འཛིན་དུ་བསྐོ་བཞག་ཡོང་རྒྱུར་ངེས་པ་དང་དེ་རྗེས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་སྲིད་འཛིན་ཧུ་ཅིན་ཏའོ་འཕོ་འགྱུར་གྱི་རྗེས་སུ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོ་བཞག་གནང་རྒྱུར་ངེས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་འདུག དཔེར་ན་སྲིད་འཛིན་ཧུ་ཅིང་ཏའོ་རང་ཉིད་ཀྱང་ཕྱི་ལོ་༡༩༩༩ལོར་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པར་བསྐོ་བཞག་བྱུང་ནས་ལོ་བཞིའི་རྗེས་སུ་སྲིད་འཛིན་ཆགས་པ་རེད། སྲིད་འཛིན་གཞོན་པ་ཞི་ཇིན་པིང་གིས་སྔ་ལོ་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་འཐུས་གཙང་ཞུ་རྒྱུ་མཚོན་པའི་གཞུང་གི་འཛིན་སྐྱོང་ཚགས་ཚུང་གནང་ཡོད་པར་ངོས་འཛིན་ཞུ་བཞིན་པ་རེད། རང་ལོ་༥༦ལ་སླེབས་པའི་ཞི་ཇིན་པིང་ཤར་ཕྱོགས་ཕུ་ཇན་དང་ཁྲེ་ཇང་ཞིང་ཆེན་གཉིས་ནང་དཔོན་རིགས་མཐོ་ཤོས་གནང་ཡོད་པ་མ་ཟད་ཉེ་བའི་དུས་སུ་ཧྲང་ཧའི་གྲོང་ཁྱེར་དབུ་ཁྲིད་གནང་ཡོད་འདུག།