རྒྱ་ནག་གིས་རང་གི་དམག་དོན་ཐད་བློ་འཚབ་བྱེད་བཞིན་འདུག


2017.03.07
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣ རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣
AFP

རྒྱ་ནག་གི་ངོས་ནས་རང་ཉིད་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ལས་དོན་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་བརྗོད་འདུག
ཨ་རིས་ལྷོ་ཀོ་རི་ཡའི་ནང་ཨ་རིས་བཟོས་པའི་མེ་ཤུགས་འཕུར་མདེལ་འགོག་སྲུང་གི་འཕྲུལ་ཆས་གསར་འཛུགས་བྱ་རྒྱུ་དེས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཉམས་ཆག་གཏོང་སྲིད་པའི་བློ་འཚབ་དང་བཅས་རྒྱ་ནག་གི་ངོས་ནས་རང་ཉིད་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ལས་དོན་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་བརྗོད་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ Geng Shuangགིས། འདི་ཚེས་༧་ཉིན་པེ་ཅིན་དུ་ཚོགས་པའི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། རྒྱ་ནག་གཞུང་གིས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་(THAAD)་མེ་ཤུགས་འཕུར་མདེལ་འགོག་སྲུང་ཀྱི་འཕྲུལ་རིག་གསར་འཛུགས་བྱ་རྒྱུའི་ལས་གཞིར་ངོ་རྒོལ་མཐའ་གཅིག་ཏུ་ནས་བྱེད་རྒྱུ་ཡིན་པ་བརྗོད་འདུག
གཟའ་ཟླ་བའི་ཉིན་ཨ་རིའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་ཐོག་དམག་དཔོན་གིས། ཨ་རིའི་མཚོ་ཐོག་དམག་དཔུང་གིས་ལྷོ་ཀོ་རི་ཡའི་ནང་ཆེས་དེང་དུས་ཀྱི་མེ་ཤུགས་ཕུར་མདེལ་དང་འབྲེལ་བའི་མ་ལག་THAAD་གསར་བཙུགས་བྱ་རྒྱུ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ལ་བྱང་ཀོ་རི་ཡའི་གཏོར་རྒོལ་ལས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་བཞི་ཙམ་ལ་ཚོད་ལྟ་བྱས་ཡོད་ཅིང་། མེ་ཤུགས་འཕུར་མདའ་གསུམ་ཉི་ཧོང་གི་འཚོ་རྒྱུད་ཁུལ་དུ་ལྷུང་ཡོད་པ་རེད། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་ནང་མེ་ཤུགས་འཕུར་མདེལ་དང་འབྲེལ་བའི་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་རྒྱུར་ངོ་རྒོལ་ཆེད་ཨ་རིས་ལྷོ་ཀོ་རི་ཡའི་ནང་མེ་ཤུགས་འཕུར་མདེལ་འོག་སྲུང་གི་འཕྲུལ་ལས་འཇོག་ཡུལ་ས་ཆ་ཚོང་འགྱུར་བྱེད་མཁན་ལྷོ་ཀོ་རི་ཡའི་Lotte་ཚོང་དོན་ལས་ཁང་གིས་རྒྱ་ནག་ནང་ཚོང་ལས་སྤེལ་རྒྱུར་འགོག་རྐྱེན་དང་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ Geng Shuangགིས་འབྲེལ་ཡོད་ཁག་གིས་ནོར་འཁྲུལ་གྱི་ལམ་ཁའི་ཐོག་མདུན་སྐྱོད་མ་བྱས་པར་སྲུང་སྐྱོབ་ཀྱི་ལས་གཞི་འཛུགས་རྒྱུ་འཚམས་འཇོག་དགོས་ལུགས་བཤད་ཡོད་པ་ལས་རྒྱ་ནག་གཞུང་གིས་དེའི་ཐོག་ཁ་གཏད་ཀྱི་ཐབས་ལམ་གང་འདྲ་འཛིན་མིན་སོགས་གནས་ཚུལ་ཞིབ་ཕྲ་ཁ་གསལ་བཏོན་མེད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎