རྒྱ་ནག་དང་བྱང་ཀུ་རི་ཡའི་དམག་དོན་འབྲེལ་ལམ།
2011.11.18
༄༅༎རྒྱ་ནག་གཞུང་གིས་བྱང་ཀུ་རི་ཡ་དང་དམག་དོན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གི་དཔོན་རིགས་ནས་བརྗོད་འདུག
རྒྱ་ནག་གི་དམག་དོན་དཔོན་རིགས་ལིའི་ཅིང་ནེའེ་ཡིས་དུས་ཡུན་ཉིན་གྲངས་གསུམ་རིང་བྱང་ཀུ་རི་ཡར་བལྟ་བསྐོ་དུ་བསྐྱོད་པའི་རིང་བྱང་ཀུ་རི་ཡའི་དཔོན་རིགས་ཁྱིམ་ཇུང་ཨུལ་སོགས་དང་ཐུག་ཕྲད་བྱས་ནས་རྒྱ་ནག་དམག་དཔུང་གིས་བྱང་ཀུ་རི་ཡ་དང་རྒྱ་ནག་དབར་དམག་དོན་གྱི་འབྲེལ་ལམ་དེ་བས་ཟབ་ཏུ་གཏོང་རྒྱུ་དང་ ཕྱོགས་གཉིས་དབར་དམག་དོན་གྱི་ལས་དོན་གོ་རྟོགས་སྤེལ་རེས་བྱས་ཕན་ཚུན་དེ་བས་ཡིད་ཆེས་སླེབས་རྒྱུའི་འདོད་ཚུལ་བཏོན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
ཡིན་ནའི་རྒྱ་ནག་དང་བྱང་ཀུ་རི་ཡ་ཕྱོགས་གཉིས་ཀའི་གསར་འགྱུར་བརྒྱུད་ལམ་ཐོག་ཡུལ་གྲུ་གཉིས་དབར་དམག་དོན་གྱི་འབྲེལ་ལམ་དེ་བས་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་དང་ རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་ རྒྱ་ནག་གཞུང་གིས་མུ་མཐུད་ནས་བྱང་ཀུ་རི་ཡར་རྒྱབ་སྐྱོར་དང་ཡུལ་གཉིས་དབར་མཉམ་ལས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱབ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད།