བོད་མིར་་དྲག་གནོན་ནན་པོ་བྱེད་རྒྱུ་ཡིན་ཟེ་བཤད་སྐོར།

དེ་རིང་རྒྱ་ནག་གཞུང་གིས་བོད་མི་ཚོས་ཟིང་ཆའི་དོན་རྐྱེན་སློང་ཐབས་བྱས་ན་དྲག་གནོན་ནན་པོ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

2012.02.07

༄༅༎རྒྱ་ནག་གཞུང་གིས་བར་ལམ་བོད་ཀྱི་མདོ་སྟོད་སྨད་ནང་དུ་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཐོག་མེ་འཕེན་གྱིས་བོད་མི་རྐྱེན་ལམ་བཏང་བའི་དྲག་གནོན་ཚབས་ཆེ་བྱས་ཡོད་པ་མ་ཟད། ད་དུང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས། བོད་མི་ཚོས་ཟིང་ཆའི་དོན་རྐྱེན་སློང་ཐབས་བྱས་ན་དྲག་གནོན་ནན་པོ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།
དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་ཁུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་ངོ་རྒོལ་བྱེད་པའི་སྐབས། རྒྱ་མིའི་ཉེན་རྟོག་པ་དང་བོད་མི་དབར་དྲག་པོའི་གདོང་ཐུག་བྱུང་སྟེ་ཉུང་མཐར་ཡང་བོད་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་ཅིང༌། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ལིའུ་ལྦེ་མིན་གྱིས། རྒྱ་ནག་གཞུང་ཕྱོགས་ནས། བོད་མི་གནས་སྡོད་བྱེད་ཡུལ་ས་ཁུལ་ནང་དུ་དྲག་པོའི་བྱ་སྤྱོད་སྤེལ་ཐབས་བྱེད་པ་དང༌། རྒྱལ་ཁབ་གཅིག་གྱུར་ལ་འགོག་རྐྱེན་བཟོ་བ། མངའ་ཁོངས་གོང་བུ་གཅིག་འགྱུར་ལ་གནོན་འཚེ་བཟོ་ཐབས་བྱས་ན་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དྲག་གནོན་ནན་པོ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད་ཅེས་དང༌། ཡང་བཙན་བྱོལ་ནང་དུ་ཡོད་པའི་བོད་རང་དབང་ཚོགས་པ་སོགས་ཀྱིས་རེས་གཟའ་པ་སངས་ཉིན་སླར་ཡང་བོད་ཀྱི་གསེར་རྟ་ཁུལ་དུ་བོད་མི་གསུམ་གྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ནའང་Global Times Newspapar ཞེས་པའི་རྒྱལ་སྤྱི་དུས་དེབ་ཀྱི་གསར་འགོད་པས་རྒྱ་ནག་གཞུང་གི་ས་གནས་དཔོན་རིགས་ལ་དོན་རྐྱེན་དེའི་སྐོར་བཅའ་དྲི་བྱེད་སྐབས། དོན་རྐྱེན་བྱུང་མེད་པ་བཤད་ཡོད་པའི་སྐོར་དང༌། རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་གཞུང་གིས། བོད་ནང་དུ་རང་ལུས་མ་བསྲེག་གཏོང་མཁན་རིམ་པ་བྱུང་བ་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་པ་མི་བཟོད་པའི་བྱ་ཐབས་ཤིག་ཡིན་པ་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པའི་སྐོར་བཀོད་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎