བོད་སྐྱེ་རྒུ་མདོའི་དགོན་རྙིང་ཞིག་ཉམས་གསོའི་འཆར་གཞི།

བོད་ཀྱི་ལོ་རྒྱུས་ལྡན་པའི་དགོན་པ་རྙིང་པ་ཞིག་ས་ཡོམ་གྱིས་གནོད་སྐྱོན་སྡུག་པོ་བྱུང་ཡོད་པ་དེ་ཉམས་གསོ་བྱེད་རྒྱུའི་འཆར་གཞི་ཡོད་ལུགས།

2011.09.13

༄༅༎རྒྱ་ནག་གཞུང་གིས། ལོ་གཅིག་གི་གོང་ལ་བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བའི་སྐབས། བོད་ཀྱི་ལོ་རྒྱུས་ལྡན་པའི་དགོན་པ་རྙིང་པ་ཞིག་ལ་གནོད་སྐྱོན་སྡུག་པོ་བྱུང་ཡོད་པ་དེ། ཉམས་གསོ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རེས་གཟའ་ཟླ་བའི་ཉིན་ཡུ་ཧྲུས་ས་གནས་གཞུང་གིས་དཔོན་རིགས་ནས།

རྒྱ་ནག་གཞུང་གིས་རང་འབྱུང་ས་ཡོམ་གྱི་གནོད་འཚེའི་ནང་གནོད་སྐྱོན་ཕྱིན་པའི་མི་ལོ་༧༥༠ ལོ་རྒྱུས་ལྡན་པའི་རྟན་དགུ་དགོན་པ་ཉམས་གསོ་བྱ་རྒྱུའི་ཆོག་མཆན་ཐོབ་ཟིན་པ་དང༌། ཉམས་གསོའི་ལས་དོན་གང་མགྱོགས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་ཅིང༌། ན་ནིང་ཕྱི་ཟླ་བཞི་པའི་ཚེས་༡༤ ཉིན་ཡུ་ཧྲུས་ས་ཁུལ་དུ་ས་ཡོམ་རྒྱབ་པའི་སྐབས། རྟན་དགུ་དགོན་པའི་འདུ་ཁང་དང་ཕྱག་དཔེ་ཁང་གི་རྩིག་པ་དང་ཐོག་ལོག་་པ་དང༌། མེ་སྐྱོན་ནང་ཕྱག་དཔེ་དང་སྐུ་ཐང་སྟོང་ཕྲག་མང་པོ་ཚིག་པ་མ་ཟད། དགེ་འདུན་པ་༢༣ རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། རྟན་དགུ་དགོན་པ་དེ་ནི། ཡུ་ཧྲུས་ས་ཁུལ་དུ་རྩ་ཆེའི་དགོན་ཁག་གསུམ་ཡོད་པའི་ནང་ནས་གཅིག་ཡིན་ཞིང། ས་ཁུལ་དེའི་ཁུལ་དུ་བོད་མིའི་མི་འབོར་གསུམ་འབུམ་དང་ལྔ་ཁྲི་ཡོད་པར་བརྟེན་ནས་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་ཁུལ་ཞིག་ཡིན་པ་དང༌། དེའི་ནང་ནས་མང་ཆེ་བ་ནང་ཆོས་དད་པ་ཞུ་མཁན་ཡིན་པ་རེད། ཡུ་ཧྲུས་ཞིང་ཆེན་གྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་ལས་ཁང་གི་འགན་འཛིན་གཞོན་པ་ཏོང་ཁྲི་ཆང་གིས། རྟན་དགུ་དགོན་པ་དེ་ནི་རིན་ཐང་འཇལ་ཐབས་མེད་པའི་རིག་དངོས་རྩ་ཆེ་ལྡན་པའི་ཁར་རིག་གཞུང་ཕྱུག་པའི་དགོན་པ་ཞིག་ཡིན་དུས། ཉམས་གསོ་བྱ་རྒྱུ་ཧ་ཅང་གི་ཁག་པོ་ཞིག་ཡིན་ནའང༌། རྩ་ཆེའི་རིག་གཞུང་གི་འབྱུང་ཁུངས་དེ་དག་མ་འོངས་པའི་མི་རབས་ཚོའི་ཆེད་དུ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་དང༌། དེ་བཞིན་རྟན་དགུ་དགོན་པའི་དགོན་བདག་བློ་གྲོས་ཉི་མ་རིན་པོ་ཆེས། རྒྱ་ནག་གཞུང་གིས་དགོན་པ་ཉམས་གསོའི་ཆེད་དུ་ཐོག་མར་རྒྱ་མིའི་སྒོར་མོ་ས་ཡ་༤ རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ལུགས་དང༌། དེ་དང་ཆབས་ཅིག་ཏུ་དགོན་པའི་ངོས་ནས་དགོན་པ་ཞིག་རལ་ཡོད་ས་དེར་དྲན་རྟེན་གྱི་གླིང་ཁ་ཞིག་འཛུགས་སྐྲུན་བྱ་རྒྱུར་མ་དངུལ་མཁོ་འདོན་བྱ་དགོས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎