ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུཌ་གློག་ཁང་རྒྱབ་འཆར།

རྒྱ་ནག་གཞུང་གིས་བོད་ནང་དུ་ཌོ་ལར་ཐེར་འབུམ་གཅིག་དང་གྲངས་ཆུང་བརྒྱད་ཀྱི་ཆུའི་ལས་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི།

2011.08.16

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས། བོད་ནང་དུ་ཨ་རིའི་ཌོ་ལར་ཐེར་འབུམ་གཅིག་དང་གྲངས་ཆུང་བརྒྱད་ཀྱི་ཆུའི་ལས་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞིའི་གསལ་བསྒྲགས་བྱས་ཏེ། དེའི་ནང་དུ་རྟ་མཆོག་ཁ་འབབ་གཙང་ཆུ་འམ་ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་་རྒྱབ་རྒྱུའི་འཆར་གཞི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། རྒྱ་ནག་གཞུང་གིས། འདི་ལོ་ནས་འགོ་བཙུགས་ཏེ་མ་འོངས་པའི་ལོ་ལྔའི་ནང་བོད་ནང་ཞིང་ཆུ་འདྲེན་རྒྱུ་དང༌། འཐུང་ཆུའི་ལས་གཞི་འཛུགས་སྐྲུན་གྱི་ཆེད་དུ་རྒྱ་མིའི་སྒོར་མོ་ཐེར་འབུམ་བཅིུག་དང་གྲངས་ཆུང་དྲུག་དང་ཨ་རིའི་ཊོ་ལར་གྱི་འཛའ་ཐང་བྱས་ན། ཌོ་ལར་ཐེར་འབུམ་གཅིག་དང་གྲངས་ཆུང་བརྒྱད་ཀྱི་འགྲོ་གྲོན་གཏོང་རྒྱུ་ཡིན་ལུགས་དང༌། མ་དངུལ་དེ་རྣམས་ལས་དོན་གྱི་རྣམ་གྲངས་ཁག་༡༦ ཐོག་འགྲོ་གྲོན་གཏོང་རྒྱུ་དེའི་ཁོངས་སུ། ཞིང་ཆུ་འདྲེན་པའི་ཆུ་ཡུར་བཟོ་སྐྲུན་དང༌། འཐུང་ཆུའི་ལས་གཞི་རྣམ་གྲངས། ཆུ་ལོག་སྔོན་འགོག་དང་བཀག་འགོག་གི་ལས་གཞི། གློག་ཤུགས་ཆུ་མཛོད་འཛུགས་སྐྲུན་ཆེད་དུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་དེ་རིང་གསལ་བསྒྲགས་དེའི་ནང་བོད་ནང་ཆུ་མཛོད་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་ལས། བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་གློག་ཤུགས་ཆུ་མཛོད་རྒྱབ་རྒྱུའི་ཐད་ཀའི་མིང་འབོད་ཀྱི་གསལ་བསྒྲགས་ནང་བཀོད་མེད་ཅིང༌། རྒྱ་ནག་གཞུང་གིས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དོན་ལ་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་དུ་གློག་ཤུགས་ཀྱི་ནུས་ཚད་༥༡༠ མཁོ་འདོན་བྱེད་ཐུབ་པའི་ཆུ་མཛོད་ཨ་རིའི་ཊོ་ལར་ཐེར་འབུམ་གཅིག་དང་གྲངས་ཆུང་གཉིས་ཐོབ་པ་ཞིག་བོད་ཀྱི་གཙང་ཆུའི་ཐོག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། འདི་ལོའི་ཕྱི་ཟླ་གསུམ་པའི་ནང༌། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང༌། ད་ལྟའི་འཆར་འཛུགས་སྐྲུན་ལས་གཞི་ཆེན་པོ་ཞིག་མིན་པ་དང༌། གཙང་ཆུའི་རྒྱུགས་བགྲོས་ལའང་འགྱུར་བ་གང་ཡང་ཐེབས་རྒྱུ་མིན་ལུགས་བཤད་ཡོད་ཅིང༌། དེའི་རྒྱུ་མཚན་ནི་གལ་ཏེ་ཆུ་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱས་ན། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་སྦང་ལ་རྡེཤ་ལ་གཙང་ཆུའི་ཁེ་ཕན་ལ་ཐུག་ཡོད་པར་བརྟེན་ནས་རྒྱལ་ཁབ་དེ་གཉིས་ཀྱི་རྙོག་དྲ་བཟོ་རྒྱུ་ལས་གཡོལ་ཐབས་ཀྱི་སྐད་ཆ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎