བོད་ཀྱི་མཐའ་མཚམས་ཁག་ཏུ་དམ་དྲག་ཆེ་རུ་བཏང་ཡོད་འདུག


2017.01.03
བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་རྒྱ་ནག་གི་དྲག་ཆས་དམག་མི། བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་རྒྱ་ནག་གི་དྲག་ཆས་དམག་མི།
པར་ཚགས།

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་འཇིགས་སྐུལ་དྲག་སྤྱོད་དང་ཁ་བྲལ་བྱ་སྤྱོད་ཀྱི་ཉེན་ཁའི་རིགས་འགོག་ཐབས་ཆེད་སྲུང་བྱ་དམ་རུ་བཏང་ཡོད་སྐོར་བརྗོད་འདུག
དེ་ཡང་དེ་རིང་རྒྱ་ནག་གཞུང་གཉེར་Global Times་གསར་ཤོག་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་ཉེན་སྲུང་གི་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། རྒྱུ་མཚན་ནི་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་བོད་ཀྱི་མཐའ་མཚམས་སྲུང་སྐྱོབ་དཔུང་དམག་གི་འགོ་འཁྲིད་གཞོན་པ་Ba Zhu་ཟེར་བས། བོད་ཀྱི་ས་མཚམས་ཁུལ་དུ་ཁ་བྲལ་དང་། འཇིགས་སྐུལ། དེ་བཞིན་ཁྲིམས་འགལ་གྱི་ཐོག་ནས་གསང་འཛུལ་བྱེད་མཁན་གྱི་ཉེན་ཁ་ཉེན་རེ་བཞིན་ཆེ་རུ་འགྲོ་བཞིན་པར་བརྟེན། ཉེན་ཁ་དེ་དག་ལ་གདོང་ལེན་གྱི་གྲ་སྒྲིག་བྱེད་དགོས་པ་ཆགས་ཀྱི་ཡོད་སྐོར་དང༌། ཡང་བོད་ཀྱི་སྤྱི་ཚོགས་ཚན་རིགས་ཁང་གི་ཉམས་ཞིབ་པ་Wang Chunhuan་གྱིས། བོད་ཀྱི་མངའ་ཁུལ་དེ་འཛམ་གླིང་ཕྱི་ཕྱོགས་ལ་དེ་སྔ་ལས་སྒོ་མོ་ཆེ་བ་ཕྱེས་པའི་རྐྱེན་གྱིས་འཇིགས་སྐུལ་དྲག་སྤྱོད་ཀྱི་ཉེན་ཁ་ཡང་ཆེ་རུ་ཕྱིན་ཡོད་པར་སོང༌། ཉེན་ཁ་དེ་དག་ལ་ཁ་གཏད་གདོང་ལེན་གཅོག་རྒྱུའི་ཆེད་ད་ལམ་གྱི་ལས་འགུལ་དེ་སྤེལ་བ་ཡིན་སྲིད་སྐོར་བཤད་ཡོད་པ་དང༌།
དེ་ནས་བོད་རང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་Wu Yingjie་ཡིས། སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་གྱིས་རྒྱལ་ཁབ་ཀྱི་འཛིན་སྐྱོང་ཡག་པོ་ཡོང་བ་ལ་མཐའ་མཚམས་ཀྱི་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་ཡིན། མཐའ་མཚམས་ཀྱི་སྲུང་སྐྱོབ་ཡག་པོ་ཡོང་བ་ལ། ཐོག་མར་བོད་ཀྱི་མཐའ་མཚམས་བརྟན་པོ་བཟོ་དགོས་པའི་བཀའ་གནང་ཡོད་པ་བཞིན། ང་ཚོས་བོད་ཀྱི་མཐའ་མཚམས་ཁུལ་དུ་ལྕགས་ཀྱི་ལྕགས་རི་ལྟ་བུའི་སྲུང་བྱ་དམ་པོ་བཟོས་ཡོད་ཅེས་བཤད་ཡོད་འདུག།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎