སྤྱི་ཚོགས་ཀྱི་རྣམ་པ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལུགས་དང་མཚུངས་པ་སྐྱོང་རྒྱུའི་ཆེད་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ལམ་སྟོན་འོག་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས།

2021.05.22
སྤྱི་ཚོགས་ཀྱི་རྣམ་པ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལུགས་དང་མཚུངས་པ་སྐྱོང་རྒྱུའི་ཆེད་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ལམ་སྟོན་འོག་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས། བོད་ཀྱི་ས་ཁུལ་ལ་དཔལ་འབྱོར་འཛུགས་བསྐྲུན་དང་སྤྱི་ཚོགས་ཀྱི་རྣམ་པ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལུགས་དང་མཚུངས་པ་སྐྱོང་རྒྱུའི་ཆེད་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ལམ་སྟོན་འོག་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།
ཨེ་པི།

རྒྱ་ནག་གཞུང་གི་བསྐོ་གཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་Wu Yingjie ཟེར་བས་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་རྒྱལ་ས་Beijing ནང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་བརྒྱུད། བོད་ཀྱི་ས་ཁུལ་ལ་དཔལ་འབྱོར་འཛུགས་བསྐྲུན་དང་སྤྱི་ཚོགས་ཀྱི་རྣམ་པ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལུགས་དང་མཚུངས་པ་སྐྱོང་རྒྱུའི་ཆེད་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ལམ་སྟོན་འོག་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།

དེ་ནི་ཕྱི་ཟླ་༥པའི་ཚེས་༢༣གྱི་ཉིན་མོ་དེ་ནི། དེ་སྔ་ཕྱི་ལོ་༡༩༤༩ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་བཙན་འཛུལ་གྱི་རྗེས་སུ། ཕྱི་ལོ་༡༩༥༡ཕྱི་ཟླ་༥པའི་ཚེས་༢༣་གྱི་ཉིན། སྐབས་དེའི་བོད་གཞུང་སྐུ་ཚབ་ལ་བཙན་ཤེད་ཀྱིས་གྲོས་མཐུན་དོན་ཚན་༡༧ཟེར་བ་དེ་འཇོག་བཅུག་སྟེ། བོད་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ལུགས་ཀྱི་དྲིལ་བསྒྲགས་སྤེལ་ཏེ་ལོ་ངོ་༧༠འཁོར་བའི་དུས་ཚོད་དང་བསྟུན་དྲིལ་བསྒྲགས་བྱས་པ་ཞིག་ཡིན་པ་དང་། དེར་ལོ་ངོ་༧༡གི་རྗེས་སུའང་ཨ་མི་རི་ཀ་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ Wu Yingjieགིས་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་གསར་འགོད་པ་བཅས་ཀྱི་དྲི་བར་དྭང་ལེན་གང་ཡང་བྱས་མེད་པ་དང་འོན་ཀྱང་ཁོ་པའི་གཏམ་བཤད་ཀྱི་ནང་། ཕྱི་ལོ་༡༩༥༡ལོར་བོད་ཞི་བའི་བཅིངས་འགྲོལ་བཏང་བ་ནས་བཟུང་ཚང་མས་ངོས་འཛིན་ཐུབ་པ་ནི་བོད་ཀྱི་མངའ་ཁུལ་ལ་ཡར་རྒྱས་འཛུགས་བསྐྲུན་དམར་ཤོག་ཚོགས་པའི་དབུ་ཁྲིད་ལམ་སྟོན་འོག་ནས་ཡོང་རྒྱུ་ལས་གཞན་མེད་པ་གསལ་པོ་ཆགས་ཡོད་ལུགས་དང་།  དེར་བརྟེན་དང་ཐོག་གནད་དོན་གཙོ་བོ་དེ་ང་ཚོས་བོད་ཀྱི་མངའ་ཁུལ་ལ་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་དྭང་ལེན་བྱ་རྒྱུ་ཡིན་ལུགས་དང་ བོད་ཀྱི་ས་ཁུལ་དེ་མནའ་བོའི་དུས་ནས་རྒྱ་ནག་གི་མངའ་ཁུལ་ཞིག་ཡིན་པ་དང་དེ་ལྟར་གནས་དགོས་ཚུལ་བརྗོད་ཡོད་པ་རེད།

བཙན་བྱོལ་བོད་མིའི་གསར་དུ་བདམས་ཐོན་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་རྒྱུར་༧གོང་ས་མཆོག་གི་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་། འོན་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་གིས་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་བཅས་པར་ཉེན་ཚབས་བཟོ་ཡི་ཡོད་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎