བོད་ནང་ཞི་བདེ་ལྷིང་འཇགས་ཡོད་ལུཌ་རྒྱ་ནག་གིས་གཏམ་བཤད།

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོད་པའི་ལན་འདེབས་བྱས་པ།

2009.02.12

༄༅༎སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨི་ཊ་ལིའི་ནང་ཆིབས་བསྒྱུར་གནང་བའི་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་ཡོད་པར་ཐུགས་འཚབ་ཡོད་ལུགས་བཀའ་གནང་ཡོད་པ་དེའི་ཐོག་དེ་རིང་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་འདྲི་བ་བྱས་འདུག

སྐབས་དེར་མགྲིན་ཚབ་མ་ཇེང་ཡུས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོད་པའི་ལན་འདེབས་བྱས་ཡོད་འདུག ཡིན་ནའང་ཕྱི་རྒྱལ་གསར་འགོད་པ་བོད་ནང་བསྐྱོད་ཆོག་གི་ཡོད་མེད་སྐོར་འདྲི་བ་ཞུས་པའི་སྐབས་གསར་འགོད་པ་ཁག་ཅིག་བོད་ནང་བསྐྱོད་རྒྱུར་དཀའ་ངལ་འཕྲད་ཡོད་ལུགས་བཤད་པ་ལས་དམིགས་བསལ་འདི་བྱས་གང་ཡང་ལན་རྒྱབ་མེད་པ་རེད།

ལོ་འདིར་བོད་ནང་དུས་འགྱུར་བྱུང་ནས་ལོ་ངོ་ལྔ་བཅུ་ཐམ་པ་ཧྲིལ་བུ་འཁོར་གྱི་ཡོད་པར་བརྟེན་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་སླར་ཡང་སྒེར་ལངས་དང་ཟིང་ཆ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད་རྒྱ་ནག་གཞུང་ནས་བོད་ནང་བོད་མི་ཚོས་སྔ་ལོ་ནང་བཞིན་སྒེར་ལངས་ཡོང་གི་རེད་བསམ་པའི་དོགས་གཞིའི་འོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཡང་རེས་གཟའ་མིག་དམར་ཉིན་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་གཞོན་པ་ཉི་མ་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་དང་གྲོང་ཁྱེར་ལྦེ་ནི་སི་གཉིས་ཀྱི་གྲོང་སྡེ་ལྷན་ཁང་ནས་ཆེ་བསྟོད་ཚུལ་དུ་མི་སེར་གྱི་མཚན་གནས་ཕྱག་འཁྱེར་འབུལ་བཞེས་གནང་བ་སོགས་ཆེ་བསྟོད་ཞུས་པར་སྐྱོན་བརྗོད་ཞུས་འདུག དེ་ཡང་ཉི་མ་ཚེ་རིང་ལགས་ཀྱིས་ཏཱ་ལའི་བླ་མས་བོད་མི་མང་གི་བདེ་དོན་དང་ཁེ་ཕན་ཆེད་ལས་དོན་གང་ཡང་སྤེལ་ཡོད་མ་རེད། དེ་ལས་ལྡོག་ཏེ་རྒྱ་ནག་ལ་ཁ་གཏད་དེ་ལས་འགུལ་སྤེལ་མཁན་ཞིག་རེད། དེ་འདྲ་ཡིན་དུས་འཛམ་གླིང་རྒྱལ་ཁབ་ཚོས་ཏཱ་ལའི་བླ་མའི་བྱ་སྤྱོད་ངོ་མ་ཤེས་རྟོགས་ཐུབ་པ་དགོས་ཀྱི་རེད་ཅེས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་མཁན་རྒྱལ་ཁབ་ཚོས་རྒྱ་ནག་དང་འབྲེལ་བ་དོ་ཕོག་མི་འགྲོ་བ་བྱེད་དགོས་ཀྱི་རེད་ཅེས་ཉེན་བརྡའང་བཏང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎