རྒྱ་ནག་གིས་རྒྱ་གར་བར་མཐོང་མཆན་སྤྲོད་ཕྱོགས་ལ་འགྱུར་མེད།

རྒྱ་ནག་གིས་རྒྱ་གར་གྱི་མི་སེར་རྣམས་རྒྱ་ནག་ཏུ་བསྐྱོད་སྐབས་ལྦི་ས་མཐོང་མཆན་སྤྲོད་ཕྱོགས་ཐོག་འགྱུར་བ་བཏང་མེད་པ་རེད།

2011.01.17

༄༅༎རྒྱ་གར་གྱིས་བློ་ཚབ་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་གིས་རྒྱ་གར་གྱི་མི་སེར་རྣམས་རྒྱ་ནག་ཏུ་བསྐྱོད་སྐབས་ལྦི་ས་མཐོང་མཆན་སྤྲོད་ཕྱོགས་ཐོག་འགྱུར་བ་བཏང་མེད་པ་རེད།

རྒྱ་ནག་གིས་རྒྱ་གར་དང་རྩོད་རྙོགས་ཡོད་པའི་ས་མཚམས་ས་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་པར་ལྦི་ས་མཐོང་མཆན་དེ་སྤྱི་མཚུངས་ལྟར་མ་གནང་བ་དེ་རྒྱ་གར་གྱིས་མཁྱེན་གྱི་ཡོད་སྐོར་རྒྱ་ནག་གཞུང་གིས་གསུང་འདུག བདུན་སྔོན་མ་དེར་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་རྡེཤ་མངའ་ཁུལ་ནས་ཡིན་པའི་རྒྱ་གར་བའི་རྩེད་འགྲན་པ་ཞིག་དང་ཁོ་པར་སྦྱོང་བདར་སྤྲོད་མཁན་གཉིས་ལ་ཝི་ས་མཐོང་མཆན་དེ་ཕྱི་བསྐྱོད་ལག་འཁྱེར་ཐོག་སྦྱར་ནས་སྤྲད་ཡོད་སྐོར་གསུངས་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གྱིས་ཡུལ་གཉིས་བར་གྱི་ས་མཚམས་ཐོག་ལངས་ཕྱོགས་ཇི་ཡིན་དང་ཕྱོགས་གཉིས་ཀྱི་ཤར་ཕྱོགས་ཀྱི་ས་མཚམས་ཀྱི་དཀའ་རྙོགས་ཀྱི་གནད་དོན་དེ་ཡང་གསལ་པོ་མཁྱེན་གྱི་ཡོད་པ་རེད་ཅེས་དང་ལངས་ཕྱོགས་དེར་འགྱུར་བ་ཕྱིན་ཡོད་པ་མ་རེད་ཅེས་གསུང་འདུག

རྒྱ་ནག་དང་རྒྱ་གར་གྱི་ཡུལ་གཉིས་ཀྱིས་ཕྱོགས་ཕན་ཚུན་གྱི་ས་མཚམས་ཐོག་རྩོད་ལེན་བྱེད་པ་དེས་ཡུལ་གཉིས་བར་གྱི་འབྲེལ་བའི་གནད་དོན་ཐོག་དཀའ་རྙོགས་ཆེ་ཤོས་དེ་ཆགས་ཡོད་པ་རེད། བདུན་སྔོན་མ་དེར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་གིས་རྒྱ་གར་བ་རྣམས་ཡུལ་གྱི་ས་ཕྱོགས་ག་པར་གནས་སྡོད་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་གི་ལྦི་ས་མཐོང་མཆན་དེ་སྤྱི་མཚུངས་གནང་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་གསུང་འདུག

ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤི་མིར་གྱི་འགྲུལ་བསྐྱོད་བྱེད་མི་རྣམས་པར་ཝི་ས་མཐོང་མཆན་སྤྲོད་ཕྱོགས་དེར་འགྱུར་བ་བཏང་འགོ་འཚུགས་པ་དེས་རྒྱ་གར་གྱི་སྲིད་དོན་པ་རྣམས་ཀྱིས་རྒྱ་ནག་གིས་ཀཤི་མིར་མངའ་ཁུལ་ཐོག་རྒྱ་གར་གྱི་བདག་དབང་དེར་རྩོད་གླེང་ཡོད་པའི་བརྡ་ལན་སྤྲོད་ཆེད་ལས་དོན་སྤེལ་བར་ངོས་འཛིན་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎