རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་འབྲེལ་བའི་སྐོར་ལན་འདེབས་བྱས་པ།


2019.11.20
རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་འབྲེལ་བའི་སྐོར་ལན་འདེབས་བྱས་པ། པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མཐོ་སློབ་སློབ་ཐར་ཟིན་ཏེ་ཕྱག་ལས་གནང་བཞིན་ཡོད་ཅེས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་དཔྱོད་ཚོགས་ཆུང་ཞིག་གི་དྲི་བར་ལན་འདེབས་སྐབས་འགྲེལ་བརྗོད་བྱས་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ཞིབ་བཤེར་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་འདྲི་ཞིབ་ལ་རྒྱ་ནག་གཞུང་གིས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་ཡོན་སྤྲོད་མ་དགོས་པའི་ཐོག་ནས་སློབ་སྦྱོང་གནང་ཡོད་པ་མ་ཟད། གཙུག་ལག་སློབ་ཆེན་ནས་མཐོ་སློབ་ཡང་ཐོན་ཟིན་ཞིང་།  ད་ལྟ་ཕྱག་ལས་ཞིག་ཀྱང་ཐོབ་ཡོད་ཅེས་བརྗོད་ཡོད་ཀྱང་།  འདོད་བློ་ཁེངས་བའི་ལན་འདེབས་ཤིག་མིན་པ་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་བརྗོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཆུང་དེས་རྒྱ་ནག་གཞུང་ལ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཀྱི་གནད་འགག་ཅན་གྱི་དྲི་བར་ལན་འདེབས་གང་ཡང་བྱས་མེད་པ་རེད།
རྒྱལ་ཚོགས་ཀྱི་ཚོགས་ཆུང་འདིར་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་གནས་བབས་སྐོར་གྱི་དྲི་བར་ལོ་དྲུག་གི་སྔོན་སྟེ། ཕྱི་ལོ་ ༢༠༡༣ ཟླ་བ་ལྔ་པའི་ནང་ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་གཉེར་གནང་བཞིན་ཡོད་སྐོར་ལན་འདེབས་བྱས་པའི་རྗེས། ༢༠༡༩ ཕྱི་ཟླ་ ༩ པའི་ནང་ཁོང་མཐོ་རིམ་སློབ་མཐར་ཟིན་པ་དང་ཕྱག་ལས་གནང་བཞིན་ཡོད་སྐོར་གཞུང་འབྲེལ་གྱི་ལན་འདེབས་བྱས་པ་ཐོག་མ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎