རྒྱ་མི་ཁྲིམས་རྩོད་པ་གཉིས་ཀྱི་ལག་འཁྱེར་བསྐྱར་ཞུར་བཀག་སྡོམ་བྱས་པ།
2008.05.30
༄༅༎བོད་ནང་ཞི་བའི་གྱེན་ལངས་སྐབས་སུ་རྒྱ་མི་ཁྲིམས་རྩོད་པ་གཉིས་ཀྱིས་ཞུ་གཏུགས་སོགས་ཀྱི་རོགས་སྐྱོར་གསལ་བསྒྲགས་བྱས་རྗེས་སུ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པའི་ལག་འཁྱེར་མུ་མཐུད་བསྐྱར་ཞུར་བཀག་སྡོམ་བྱས་ཡོད་པ་རེད། དེ་ཡང་རྣམ་ཀུན་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མི་དང་ངོ་རྒོལ་བ་སོགས་ཀྱི་ཐོག་རོགས་སྐྱོར་བྱེད་མི་རྒྱ་མི་ཁྲིམས་རྩོད་པ་ ཏེང་སྦའོ་དང་ ཅང་ ཐན་ཡོང་གཉིས་ལ་པེ་ཅིང་ཁྲིམས་དོན་ཚན་པ་ནས་ལོ་ལྟར་ཁྲིམས་རྩོད་པའི་ལག་འཁྱེར་བསྐྱར་ཞུ་བྱེད་དགོས་པ་དེ་ ཆོག་མཆན་སྤྲད་མེད་པའི་ཏེང་སྦའོ་ཡིས་གཞུང་གི་ལས་ཁུངས་ནས་ཁ་ཐུག་ངའི་ལག་འཁྱེར་ཅིའི་ཕྱིར་བསྐྱར་ཞུར་ཆོག་མཆན་མི་སྤྲོད་པའི་དོན་བཤད་མ་བྱུང་ལ་ འོན་ཀྱང་ངས་དེ་སྡོན་བོད་ཀྱི་གནད་དོན་སྐོར་བཤད་པ་དེ་རེད་ཅེས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་གསུངས་འདུག
གོང་ཞུས་ཁྲིམས་རྩོད་པ་གཉིས་ཀྱིས་ཉེ་བའི་དུས་བོད་ནང་དུས་ཟིང་བྱུང་སྐབས་ངོ་རྒོལ་བ་ཚོར་ཐོག་ཁྲིམས་མཐུན་གྱིས་སྲུང་སྐྱོབ་རོགས་སྐྱོར་སྤྲོད་རྒྱུའི་ཡི་གེ་གསལ་བསྒྲགས་བྱས་ཡོད་པ་རེད།