བོད་ནང་མཉམ་འབྲེལ་མཉམ་ལས་སྲིད་ཇུས་གསར་བཙུགས།
2011.12.24
༄༅༎མདོ་སྨད་ཨ་མདོ་རེབ་གོང་གི་རྡོ་བ་ཞེས་པའི་འབྲོག་སྡེའི་ས་ཁུལ་ཁག་ཅིག་ནང༌། རྒྱ་ནག་གཞུང་གིས་ མཉམ་འབྲེལ་མཉམ་ལས་ཞེས་པའི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱེད་འགོ་བཙུགས་ཏེ། མངའ་ཁུལ་དེར་ཡོད་པའི་འབྲོག་པ་ཚོར་མཉམ་ལས་དེའི་སྒྲིག་ཁོངས་སུ་མཉམ་ཞུགས་བྱ་རྒྱུར་ཐོ་འགོད་དེབ་བསྐྱེལ་བྱེད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་པར་བརྟེན། འབྲོག་སྡེ་ཁག་ཅིག་གིས་ཐོ་འགོད་བྱེད་ཀྱི་ཡོད་པ་དང༌། འགའ་ཤས་ཀྱིས་སྲིད་བྱུས་གསར་པ་དེར་དྭོགས་པ་དང༌། མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གྱི་ཡོད་པའི་སྐོར། ས་གནས་སུ་ཡོད་པའི་བོད་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་ཞལ་དཔར་རྒྱུད་འདི་གའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་མཁོ་སྤྲོད་གནང་འདུག།