ཨོ་ལིམ་པིག་སྐབས་ཕྱིའི་གསར་འགོད་པ་ཚོར་རང་དབང་སྤྲོད་འཆར།

ཨོ་ལིམ་པིག་སྐབས་ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་ཚོར་རང་དབང་ཆ་ཚང་སྤྲོད་རྒྱུ་ཡིན་ལུགས་གཏམ་བཤད་སྤེལ་འདུག

2008.07.17

༄༅༎རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འགོ་ཚུགས་ཉེ་བའི་སྐབས་འདིར་ རྒྱ་ནག་གཞུང་གིས་གསར་འགོད་རང་དབང་བཀག་སྡོམ་བྱས་པར་སྐྱོན་བརྗོད་ཆེན་པོ་བྱུང་བཞིན་པར་སོང་ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་དེ་སྔོན་ཁས་ལེན་བྱས་པ་གཞིར་བཟུང་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་ཚོར་རང་དབང་ཆ་ཚང་སྤྲོད་རྒྱུ་ཡིན་ལུགས་གཏམ་བཤད་སྤེལ་འདུག་༎

རྒྱ་ནག་ཆབ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུ་ལྦེ་མིན་གྱིས་རེས་གཟའ་ལྷག་པའི་ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་ཐོག་ རྒྱ་ནག་གཞུང་གིས་འདི་ལོ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་བརྙན་འཕྲིན་རྒྱང་སྲིང་ཆོག་པ་དང་ དེ་བཞིན་པེ་ཅིང་གྲོང་ཁྱེར་ནང་ཕྱི་རྒྱལ་བརྙན་འཕྲིན་ལས་ཁང་ཚོས་སྒྱུ་སྐར་གྱི་འཕྲུལ་རིག་དབོར་འདྲེན་ཆོག་པ་སོགས་ཕྱིའི་རྒྱལ་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་ཚོས་ རྒྱ་ནག་ནང་རང་དབང་ལྡན་པའི་གནས་ཚུལ་མཁོ་སྒྲུབ་དང་བཀོད་ཕྱོགས་ཐད་ལ་མཐུན་འགྱུར་དང་གུ་བཤང་བྱེད་རྒྱུའི་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད་

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འགོ་ཚུགས་བྱེད་པར་དུས་ཡུན་བདུན་ཕྲག་གསུམ་ཙམ་ལས་མེད་ནའང་ རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་དང་རྒྱ་ནག་ལྕགས་རི་གཞན་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་ས་ཁུལ་ཁག་ནས་ཕྱི་རྒྱལ་བརྙན་འཕྲིན་ལས་ཁང་ཚོས་གནས་ཚུལ་རྒྱང་བསྒྲགས་བྱེད་ཕྱོགས་ཐད་ཐག་གཅོད་ཁ་གསལ་མེད་པ་མ་ཟད་ ཉེ་སྔོན་བོད་དང་བོད་མིའི་ཞི་རྒོལ་ལ་རྐྱེན་པས་བོད་ས་ཡོངས་རྫོགས་སུ་གསར་འགོད་པ་འགྲོ་བསྐྱོད་བཀག་སྡོམ་བྱས་པ་དང་ ཡང་ཉེ་ལམ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆགས་ཕོག་སྐབས་གནས་ཚུལ་བཀོད་ཕྱོགས་ཐད་ལ་དམ་བསྒྲགས་ཆེན་པོ་སོགས་ལ་རྐྱེན་པས་ རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁང་དང་རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གཉིས་ཀྱིས་ཐོག་ནས་ རྒྱ་ནག་གཞུང་གིས་དེ་སྔོན་རྩེད་འགྲན་གྱི་མགྲོན་བདག་བྱུང་སྐབས་ གསར་འགོད་རང་དབང་ཆེ་ཙམ་སྤྲོད་རྒྱུའི་ཁས་ལེན་ལ་བརྩི་བཀུར་ཞུ་གི་ མེད་པའི་སྐྱོན་བརྗོད་ཀྱི་རྩེད་གླེང་ཆེན་པོ་ཡོད་པ་རེད་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎