རྒྱ་ནག་ནང་ཞི་བདེའི་གཟེངས་རྟགས་ཀྱི་གནས་ཚུལ་བཀག་པ།

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་སྤྲད་པའི་ཐག་གཅོད་ལ་སྐྱོན་བརྗོད་ཀྱི་དྲིལ་བསྒྲགས།

2010.10.09

༄༅༎དེ་རིང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཤའོ་ཕུའུ་ལ་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་སྤྲད་པའི་ཐག་གཅོད་ལ་སྐྱོན་བརྗོད་ཀྱི་དྲིལ་བསྒྲགས་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་ལ། ནོ་བེལ་ཞི་བདེའི་ཚོགས་ཆུང་གི་ཐག་གཅོད་དེ་ནི། རང་གིས་རང་ལ་མིང་ཆད་བཟོས་པ་ཞིག་དང་ཞི་བདེའི་བྱ་དགའ་དེ་ཡང་ཆབ་སྲིད་ཀྱི་ལག་ཆར་བདེ་སྤྱོད་བཏང་སྟེ། རྒྱ་ནག་གི་ཐོག་ལ་ཚབས་ཆེའི་གནོད་འཚེ་བཟོས་པ་རེད་ཅེས་བཀོད་ཡོད་པ་རེད། དེ་བཞིན་རྒྱ་ནག་ནང་དུ་དྲ་རྒྱའི་ཐོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཞེས་པའི་ཡིག་འབྲུ་དེ་དག་དང་ལིའུ་ཤའོ་ཕུའུ་ཞེས་པའི་ཡིག་འབྲུ་དེ་དག་འཚོལ་བའི་སྐབས། མཐོང་རྒྱུ་མེད་པར་རྒྱ་ནག་གཞུང་གིས་་བཀག་འགོག་བྱས་ཡོད་པ་མ་ཟད། དྲ་རྒྱ་བེད་སྤྱོད་གཏོང་ཡུལ་ཁག་ཅིག་ལ་དམག་མི་ཆེད་བཙུགས་ཀྱིས་དྲ་རྒྱའི་ཐོག་ལིའུ་ཤའོ་ཕུའུ་གྱི་གནས་ཚུལ་བཀོད་སྤེལ་བྱེད་པར་དོགས་ཟོན་བྱས་ཡོད་པ་རེད། གཞན་ཡང་རྒྱ་ནག་གི་དྲ་རྒྱ་Baiduནང་དུ་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ཐོག་ལ་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཁག་དང་ཁོང་བཙོན་ཁང་དུ་ཡོད་པའི་གནས་ཚུལ་ཙམ་བཀོད་སྤེལ་བྱས་པ་ལས་གནས་ཚུལ་ཞིབ་ཕྲ་མཐོང་རྒྱུ་མེད་པ་རེད།། རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་རྒྱ་ནག་དབུས་གཞུང་གི་གསར་འགྱུར་ལས་རིམ་ཐོག་ལའང་ལིའུ་ཤའོ་ཕུའུ་གྱི་སྐོར་ལ་གསར་འགྱུར་གང་ཡང་རྒྱང་བསྲིང་མ་བྱས་པར། ལས་རིམ་ཐོག་མར་འགོ་བཙུགས་ཡོང་དུས་ནས་རྒྱ་ནག་གི་ལྷོ་ཕྱོགས་ཧའེ་ནན་གླིང་ཕྲན་དུ་ཆུ་ལོག་གི་གནོད་འཚེ་བྱུང་བའི་གནས་ཚུལ་རྒྱང་བསྲིང་བྱས་པ་མ་ཟད། རྒྱ་ནག་དུ་ཡོད་པའི་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁང་སི་ཨེན་ཨེན་དང་ཕེ་རན་སི་བརྙན་འཕྲིན་༥པའི་ལས་རིམ་ཐོག་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་གསར་འགྱུར་རྒྱང་སྲིང་བྱེད་ཐབས་བྱས་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད། ཕེ་རན་སིའི་རྒྱལ་ས་པེ་རེ་སི་ནང་དུ་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པས་། ད་རེས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་བྱ་དགའ་ཐོབ་པ་དེ་ནི་རྒྱ་ནག་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ལོ་རྒྱུས་ཀྱི་གལ་གནད་ཅིག་ཡིན་པ་དང༌། ང་ཚོས་བྱ་དགའ་དེ་ནི་མི་ལོ་༡༡བཙོན་འཇུག་གི་ཉེས་ཆད་མྱོང་བཞིན་པའི་ལིའུ་ཤའོ་ཕུའུ་གཙོས་པའི༌། འཛམ་གླིང་ཁྱོན་ཡོངས་ནང་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་གྱི་ཚབ་སྲིད་བཙོན་པ་རྣམས་དང༌། དེ་བཞིན་རྒྱ་ནག་མི་དམངས་ཀྱི་བསམ་པའི་རེ་བ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎