རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་དམ་བསྒྲགས་སྐོར།

རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་དུས་སྐབས་དེར་སྲུང་སྐྱོབས་ཀྱི་གནད་དོན་ཐོག་དོ་ནན་བྱེད་པ་དང་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་འདུག

2008.07.14

༄༅༎རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་སྲུང་སྐྱོབས་ཐོག་ཧ་ཅང་དོ་ནན་དྲག་པ་དེས་དེ་སྔོན་ཁས་ལེན་བྱས་པའི་གསར་འགོད་ཀྱི་རང་དབང་ཐོག་དོ་ཕོག་དང་

རྒྱ་ནག་གིས་རིག་གཞུང་དང་དཔལ་འབྱོར་ཐོག་ཡར་རྒྱས་ཕྱིན་པའི་རྣམ་པ་བཏོན་རྒྱུའི་གོ་སྐབས་དེ་ཆུས་བཟོད་དུ་གཏོང་བའི་ཉེན་ཁ་ཡོད་སྐོར་པེ་ཅིང་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པས་གསུང་འདུག

ཉེ་ཆར་ཕྱི་རྒྱལ་གྱི་གསར་འགྱུར་ཚན་པ་ཞིག་གིས་ཐད་ཀར་རྒྱང་སྲིང་བྱེད་བཞིན་པའི་ལས་རིམ་ཞིག་ཐོག་རྒྱ་གཞུང་གི་སྲུང་སྐྱོབས་མི་སྣས་འགོག་རྐྱེན་སྤྲད་པ་དང་ཆོག་མཆན་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེད་ཚོད་བལྟའི་ལས་དོན་ཞིག་གི་ཐོམ་དམ་བསྒྲགས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་

པེ་ཅིང་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ཇོ་ན་ཐན་ལྦཏ་སེ་ ཡིས་ཨོ་ལིམ་པིག་རྩེད་འགྲན་བྱེད་པར་ཟླ་བ་གཅིག་ལས་མེད་པའི་དུས་སྐབས་དེར་སྲུང་སྐྱོབས་ཀྱི་གནད་དོན་ཐོག་དོ་ནན་བྱེད་པ་དང་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བ་དེས་སྲུང་སྐྱོབས་ཐོག་སྨྱོ་བ་འདྲ་བ་ཆགས་པ་དང་དེས་རྩེད་འགྲན་གྱི་དགའ་སྐྱིད་དེ་མེད་པ་ཆགས་པའི་ཉེན་ཁ་འདུག་ཅེས་གསུང་འདུག རྒྱ་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་སྔོན་མ་གསར་འགོད་ཀྱི་རང་དབང་སྤྲོད་རྒྱུའི་ཁས་ལེན་བྱས་ཡང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཀྱིས་རྒྱ་གཞུང་ནས་དམ་བསྒྲགས་ཀྱི་ལས་དོན་སྤེལ་ཤུགས་དྲག་པོའི་རྐྱེན་གྱིས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་ཁས་ལེན་བྱས་པ་དེ་རྩིས་མེད་ཆགས་ཀྱི་ཡོད་སྐོར་གསུང་འདུག ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་རྒྱ་གཞུང་གིས་དེ་སྔོན་ཁས་ལེན་བྱས་པ་དེར་གནས་ཀྱི་མེད་པ་མ་ཟད་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་ཀྱང་རྒྱ་གཞུང་ནས་གསར་འགོད་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེར་དོ་ནན་གནང་གི་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎