རྒྱ་ནག་གི་དཔོན་རིགས་ཚོའི་དཔལ་འབྱོར་ལས་དོན་ལྷན་ཚོགས།

རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམས་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་དོན་གྱི་ལྷན་ཚོགས་སྐོང་ཚོགས་བྱེད་བཞིན་ཡོད་པ།

2009.12.06

༄༅༎ད་རེས་གཟའ་མཇུག་ཏུ་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམས་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་དོན་གྱི་ལྷན་ཚོགས་སྐོང་ཚོགས་བྱས་ཏེ་ལྷན་ཚོགས་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་ཕྱིན་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ནང་བསྐྱར་གསོའི་ལས་དོན་གོང་མཐོར་ཇི་ལྟར་གཏོང་ཕྱོགས་སྐོར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གི་གསར་ཤོག་ཐོག་ལ། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་དེ་རེས་གཟའ་སྤེན་པ་འགོ་བཙུགས་ཏེ། གསང་བ་དམ་པོའི་སྒོ་ནས་ཚོགས་འདུ་ཚོགས་བཞིན་ཡོད་པ་ལྟར། ཁོང་ཚོས་རྒྱ་ནག་རྒྱལ་ནང་གི་དཔལ་འབྱོར་བསྐྱར་གསོའི་སྲིད་ཇུས་མུ་མཐུད་ཇི་ལྟར་ལག་བསྟར་བྱ་ཕྱོགས་དང། ཕྱི་ལོ་གསར་པའི་དཔལ་འབྱོར་གྱི་སྔོན་རྩིས་སྟབས་བདེ་རུ་གཏོང་ཕྱོགས་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་ཅིང། ཡིན་ནའང་གསར་ཤོག་དེའི་ཐོག་ལ་ལྷན་ཚོགས་དེའི་ནང་དེ་མིན་གྱི་གྲོས་མོལ་བྱ་རྒྱུའི་གྲོས་གཞི་ག་རེ་ཡོད་མེད་ཀྱི་ནང་དོན་ཞིབ་ཕྲའམ་ཚོགས་འདུ་དེ་ག་དུས་མཇུག་སྒྲིལ་གྱི་ཡོད་མེད་ཀྱི་སྐོར་གནས་ཚུལ་གང་ཡང་གསལ་པོ་བཀོད་མེད་པ་རེད།

ན་ནིང་རྒྱ་ནག་དབུས་གཞུང་གི་དཔལ་འབྱོར་ལས་དོན་གྱི་ལོ་རེའི་ལྷན་ཚོགས་དེ་ནི་ཉིན་མ་གསུམ་རིང་ཚོགས་ཡོད་པ་དང། ལྷན་ཚོགས་དེ་ནི་རྒྱ་ནག་གི་རྒྱལ་ནང་གི་དཔལ་འབྱོར་སྲིད་ཇུས་བཟོ་བའི་ལོ་རེའི་གལ་ཆེའི་ལྷན་ཚོགས་ཞིག་ཡིན་ཞིང། རྒྱུན་དུ་ལྷན་ཚོགས་དེའི་ནང་རྒྱ་ནག་གི་གལ་ཆེའི་མི་སྣ་སྲིད་འཛིན་ཧུའུ་ཇིན་ཐའོ་དང་སྲིད་བློན་ལྦེན་ཅ་པའོ་སོགས་མཉམ་ཞུགས་བྱེད་སྲོལ་ཡོད་པ་རེད། བར་ལམ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཏེ་དཔལ་འབྱོར་གྱི་གནས་སྟངས་ཉམ་རྒུད་ཕྱིན་པ་དེ་སླར་གསོ་བྱ་རྒྱུར་རྒྱ་ནག་གཞུང་གིས་དཔལ་འབྱོར་བསྐྱར་གསོའི་དངུལ་འབབ་ཨ་རིའི་ཌོ་ལར་གྱི་འཛའ་ཐང་བྱས་ན་ཌོ་ལར་ཐེར་འབུམ་༥༨༦ གཏན་འབེབས་བྱས་ཏེ་ལོ་གཅིག་འགྲོ་གི་ཡོད་པ་དང། ཉེ་ཆར་ཕྱི་ཟླ་བཅུ་གཅིག་པའི་ནང་དཔོན་རིགས་ཚོས་དཔལ་འབྱོར་བསྐྱར་གསོའི་མ་དངུལ་དེ་དག་མ་འོངས་པའི་ཕྱི་ལོ་གསར་པའི་ནང་ལག་བསྟར་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པ་རེད།  

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎