རྒྱ་ནག་ཏུ་ཛས་དུག་ཤོར་བའི་འོ་རྩམ་ཟས་པའི་ན་རྐྱེན་སྐོར།

རྒྱ་ནག་ནང་སན་རླུའུ་ཞེས་པའི་འོ་རྩམ་བཟོ་གྲས་བཟོས་པའི་འོ་རྩམ་སྤྲད་ནས་ནད་གཞི་ཕོག་པའི་ཕྲུ་གུའི་གྲངས་འབོར་ཞིབ་རྩད་བྱེད་རྒྱུ་ཡིན་འདུག

2008.09.12

༄༅༎རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁང་གིས་རྒྱ་ནག་ནང་སན་རླུའུ་ཞེས་པའི་འོ་རྩམ་བཟོ་གྲས་བཟོས་པའི་འོ་རྩམ་སྤྲད་ནས་ནད་གཞི་ཕོག་པའི་ཕྲུ་གུའི་གྲངས་འབོར་ཞིབ་རྩད་བྱེད་རྒྱུ་ཡིན་འདུག

དེ་ཡང་ཁ་ས་སན་རླུའུ་འོ་རྩམ་ཁེ་ལས་བཟོ་ཚོང་ཁང་གིས་ཁོང་ཚོས་བཟོས་པའི་འོ་རྩམ་ནང་རྫས་དུག་ཤོར་ཡོད་པ་ཁས་ལེན་བྱས་ནས་ ཁྲོམ་རའི་ཐོག་ཡོད་པའི་བཟོ་གྲ་དེ་ནས་བཟོས་པའི་འོ་རྩམ་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུར་ཕྱིར་བསྒྲགས་བྱས་པའི་རྗེས། རྒྱ་ནག་གི་ས་གནས་ཁག་ནང་གི་སྨན་ཁང་ཁག་གིས་བཟོ་གྲ་དེ་ནས་བཟོས་པའི་འོ་རྩམ་གཏེར་ནས་ཕྲུ་གུ་ནད་གཞི་ཕོག་མིའི་གྲངས་འབོར་ལ་རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁང་གིས་ཞིབ་རྩིས་བྱས་སྟེ་ད་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༧གོང་རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁང་དུ་གྲངས་འབོར་སྙན་ཐོ་འབུལ་དགོས་པ་ཚེས་༡༢ཉིན་བཀའ་ཁྱབ་བཏང་ཡོད་པ་རེད། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་གོང་ཞུས་བཀའ་ཁྱབ་དེ་བཏང་དགོས་དོན་ནི་མགྱོགས་མྱུར་ནད་གཞི་ཕོག་པའི་ཕྲུ་གུ་དེའི་ཚོའི་གནས་ཚུལ་ཤེས་རྟོགས་དང་བཅོས་ཐབས་ཀྱི་ཆེད་དུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་ཧའ་བད་ཞིང་ཆེན་ཧྲེ་ཅའ་ཀྲོང་ནང་རྟེན་གཞི་བྱས་པའི་སན་རླུའུ་ཁེ་ལས་ཚོང་དོན་ཁང་གིས་གཟའ་ཕུར་བུའི་ཉིན་ཚོང་དོན་ཁེ་ལས་བཟོ་གྲ་དེ་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༦གོང་བཟོས་ནས་ཕྱིར་ཚོང་བྱས་པའི་སན་རླུའུ་རྟགས་ཅན་གྱི་འོ་རྩམ་ཁག་ཅིག་ནང་རྫས་དུག་ཤོར་ཡོད་པ་ཁས་ལེན་བྱས་ནས། ཚོང་རའི་ནང་ཡོད་པའི་བཟོ་གྲ་དེ་ནས་བཟོས་པའི་འོ་རྩམ་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་ཅིང༌། རྫས་དུག་དེ་བཞིན་རྫས་འགྱུར་ཐོག་བེད་སྤྱོད་བྱེད་ཡས་ཀྱི་རྒྱུ་ཆ་ཞིག་ཡིན་པ་དང༌། དེས་མིའི་ལུས་པོའི་མཁལ་མར་ན་ཚ་བཟོ་གི་ཡོད་པར་བརྟེན། འོ་རྩམ་དེ་རིགས་འཐུང་མཁན་གྱི་ཕྲུ་གུ་ཁག་ཅིག་ལ་མཁལ་མའི་ན་ཚ་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། མང་པོ་ཞིག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎