རྒྱ་ནག་གིས་ཨི་རན་ནང་ཌོ་ལར་ཐེར་འབུམ་བཞི་བཅུ་ཙམ་གྱི་མ་རྩ།

རྒྱ་གཞུང་གིས་ཨི་རན་གྱི་རྡོ་སྣུམ་དང་རང་བྱུང་རྫས་རླངས་ཀྱི་སྡེ་ཚན་ནང་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་བཞི་བཅུ་ཙམ་གྱི་མ་རྩ་བཙུགས།

2010.07.31

༄༅༎རྒྱ་ནག་གཞུང་གིས་ཨི་རན་གྱི་རྡོ་སྣུམ་དང་རང་བྱུང་རྫས་རླངས་ཀྱི་སྡེ་ཚན་ནང་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་བཞི་བཅུ་ཙམ་གྱི་མ་རྩ་བཙུགས་ཡོད་པ་གཟའ་སྤེན་པའི་ཉིན་ཨི་རན་གྱི་རྡོ་སྣུམ་བློན་ཆེན་གཞོན་པ་ཧོ་སེན་ནོཁ་རེ་ཀར་ཤི་ར་ཛིས་འགྲེལ་བརྗོད་གནང་འདུག།

རྒྱ་ནག་ནི་ཨི་རན་དང་དཔལ་འབྱོར་མཉམ་འབྲེལ་གྱི་ལས་དོན་སྤེལ་མཁན་ཨང་དང་པོ་དེ་ཡིན་ཞིང་ ཨི་རན་གྱི་རྡོ་སྣུམ་བློན་ཆེན་གཞོན་པ་ ཤི་ར་ཛིས་རྒྱ་ནག་གི་ངོས་ནས་ཨི་རན་ནང་ཌོ་ལར་ཐེར་འབུམ་༢༩ཙམ་གྱི་མ་རྩ་དེ་སྔོན་ནས་བཙུགས་ཟིན་པའི་ཐོག་ ད་ཆ་སླར་ཡང་ཌོ་ལར་ཐེར་འབུམ་བཅུ་ཙམ་རྡོ་སྣུམ་མཁོ་འདོན་དང་གཙང་སེལ་དེ་བཞིན་རང་བྱུང་རྫས་རླངས་སྔོག་འདོན་དང་ དེ་དག་འདྲེན་བྱེད་ཀྱི་ལྕགས་མདོང་སྦུ་གུ་གསར་རྒྱག་སོགས་ཀྱི་ལས་དོན་ཆེད་མ་རྩ་འཛུགས་རྒྱུའི་གན་རྒྱར་མིང་རྟགས་བཀོད་ཡོད་པ་བརྗོད་ཡོད་པ་རེད།

འདས་པའི་ལོ་གཉིས་ཙམ་གོང་གོ་ལའི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྐྱེན་གྱིས་ཕྱི་ལོ་༢༠༡༠འི་ལོ་འགོའི་ཟླ་དྲུག་རིང་ཨི་རན་ནས་རྒྱ་ནག་ནང་མཁོ་གཏོང་བྱེད་པའི་རྡོ་སྣུམ་གྱི་ཚད་གཞི་བརྒྱ་ཆ་༣༠ཙམ་ཉུང་དུ་ཕྱིན་པ་ རྡོ་སྣུམ་ཆེད་ལས་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང་ འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་གཞིགས་པའི་ནུས་པའི་འབྱུང་ཁུངས་ཀྱི་དགོས་མཁོ་དེ་ཙམ་གྱི་ཆུང་དུ་ཕྱིན་མེད་ལ་ མ་འོངས་པར་ནུས་པའི་འབྱུང་ཁུངས་མུ་འཐུད་གནས་ཕྱིར་རྒྱ་ནག་གི་ངོས་ནས་ ཨི་རན་ནང་རྡོ་སྣུམ་སྔོག་འདོན་དང་གཙང་སེལ་གྱི་རྟེན་གཞི་ཁག་བདུན་ཙམ་གྱི་ནང་མཉམ་ལས་སྤེལ་རྒྱུར་མོས་མཐུན་བྱས་ཡོད་འདུག།

ཨི་རན་གྱིས་རྡུལ་ཕྲན་ལས་གཞི་འཕེལ་རྒྱས་བྱེད་བཞིན་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ ནུབ་ཕྱོགས་ཡུལ་གྲུའི་ཁག་གིས་དཔལ་འབྱོར་གྱི་ཉེས་ཆད་བཀལ་བར་བརྟེན་ ནུབ་ཕྱོགས་ཡུལ་གྲུ་ཁེ་ལས་ཚན་པ་མང་པོ་ཞིག་ཨི་རན་གྱི་རྡོ་སྣུམ་ལས་གཞིའི་ནང་ཚོང་ལས་སྤེལ་མི་ཆོག་པ་ཆགས་ཡོད་སྟབས་ རྒྱ་ནག་གིས་ངོས་ནས་གོ་སྐབས་འདི་བཟུང་སྟེ་ ཨི་རན་གྱི་རྡོ་སྣུམ་དང་རང་བྱུང་རྫས་རླངས་ཀྱི་གཏེར་ལས་སྔོག་འདོན་གྱི་ལས་གཞིའི་ནང་མཉམ་འབྲེལ་གྱི་ལས་དོན་ཤུགས་ཆེ་སྤེལ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎