བོད་མི་ལྔ་ཅུ་ང་དགུར་དཀྲོག་གཏམ་ཁྱབ་སྤེལ་བྱས་པའི་ཉེས་བཙུཌ།

རྒྱ་ནག་གཞུང་གིས་དཀྲོག་གཏམ་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་ཉེས་བཙུགས་ཐོག་ནས་བོད་མི་༥༩འཛིན་བཟུང་བྱས་ཡོད་འདུག

2008.12.25

༄༅༎རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་དཀྲོག་གཏམ་ཁྱབ་སྤེལ་གྱི་ཉེས་བཙུགས་ཐོག་ནས་འཛིན་བཟུང་བྱས་པའི་བོད་མི་༥༩དེ་དག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་གྱི་འོག་གསར་བརྗེར་ངོ་རྒོལ་གྱི་གཞས་སོགས་བོད་ནང་འགྲེམས་སྤེལ་བྱས་ཡོད་ལུགས་དང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་མུ་མཐུད་འཁོད་པར་ད་ལོ་ཕྱི་ཟླ་གསུམ་པའི་བོད་ནང་གི་ཞི་རྒོལ་རྗེས་མ་རུང་ཁོག་བཅངས་བྱེད་མཁན་གྱི་མི་ཁག་ཅིག་གིས་ཏཱ་ལའི་ཕྱོགས་ཁག་གི་སྐུལ་སློང་འོག་རྐང་བཙུགས་ནས་དཀྲོག་གཏམ་ཁྱབ་སྤེལ་བྱས་ནས་མི་རིགས་དབར་འཁོན་འཛིན་སླངས་པ་དང་དྲག་སྤྱོད་ཀྱི་ལས་དོན་སྐུལ་སློང་བྱས་ནས་བོད་ཀྱི་ཆབ་སྲིད་བརྟན་ལྷིང་གཏོང་བཤིག་བཏང་བ་མ་ཟད་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་སྒེར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོས་ཡོད་ལུགས་བོད་ཀྱི་ཉེན་རྟོག་ལས་ཁང་གི་དཔོན་རིགས་ཞིན་ཡོན་མིང་ཟེར་བས་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པ་རེད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་ཉེན་རྟོག་པས་ཁྲོམ་གཞུང་གང་སར་གོང་ཞུས་དྲ་རྒྱའི་ཐོག་ནས་གཞས་བཤུ་མཁན་དང་དེ་ཚོ་ཚོང་འགྲེམས་བྱེད་མཁན་ད་དུང་ཡང་འཚོལ་ཞིབ་བྱེད་བཞིན་ཡོད་འདུག ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་བོད་ས་ཡོངས་སུ་རང་དབང་སྒེར་ལངས་ཀྱི་ལས་འགུལ་རྩོམ་སྐབས་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་བོད་མི་ཉིས་བརྒྱ་ལྷག་ཙམ་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཕྱིར་བསྒྲགས་གནང་ཡོད་པ་དང་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་དོན་རྐྱེན་དེའི་ནང་མི་གྲངས་ཉི་ཤུ་རྩ་གཉིས་ལས་རྐྱེན་ལམ་དུ་ཕྱིན་མེད་ལུགས་ཤོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎