བོད་ནང་ཁོར་ཡུག་གནས་སྟངས་ཡག་པོ་ཡོད་ལུཌ་དྲིལ་བསྒྲཌ

རྒྱ་གཞུང་གིས་ཉིན་རེའི་མི་མང་གི་གསར་ཤོག་ཅེས་པའི་དྲ་རྒྱའི་ནང་བོད་ནང་གི་འཁོར་ཡུག་གི་གནས་བབས་དེ་ཧ་ཅང་གི་ཡག་པོ་ཡོད་སྐོར།

2011.05.16

༄༅༎རྒྱ་གཞུང་གིས་ཉིན་རེའི་མི་མང་གི་གསར་ཤོག་ཅེས་པའི་དྲ་རྒྱའི་ནང་བོད་ནང་གི་འཁོར་ཡུག་གི་གནས་བབས་དེ་ཧ་ཅང་གི་ཡག་པོ་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་ དེ་ཡང་དྲ་རྒྱ་དེའི་ནང་གནས་ཚུལ་བཀོད་པར་གཞིགས་ན་བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཐོག་ཧ་ཅང་གི་མྱུར་པོ་བསྐྱོད་ཞོར་དུ་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་ཡང་ཡག་ཐག་ཆོད་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་ རྒྱ་གཞུང་གིས་བོད་ནང་གི་འཁོར་ཡུག་ཐོག་ཧ་ཅང་གི་བདག་གཅེས་ཡག་པོ་རྒྱབ་པའི་དབང་གིས་བོད་དེ་འཛམ་གླིང་ནང་འཁོར་ཡུག་ཐོག་ཧ་ཅང་ཡག་པའི་མངའ་ཁུལ་ཞིག་ཆགས་ཡོད་སྐོར་རྒྱ་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གོང་ཞུས་དྲ་རྒྱ་དེའི་ནང་ལུང་འདྲེན་བྱས་ཡོད་པ་རེད་ རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་འཁོར་ཡུག་སྲུང་སྐྱོབ་ཚན་པའི་འགོ་འཁྲིད་  ཅང་པ་ཡིས་བོད་ཀྱི་མངའ་ཁུལ་གྱི་ས་དང་ཆུ་ མཁའ་རླུང་སོགས་རྟོག་ཞིབ་བྱས་པའི་འབྲས་བུར་འཁོར་ཡུག་གི་གནས་བབས་ཐོག་སྐྱོན་ཆ་གང་ཡང་བྱུང་མེད་པའི་གནས་སྟངས་ཤིག་ཐོན་ཡོད་སྐོར་བརྗོད་འདུག            

ཡང་ཁོ་པས་བོད་རང་སྐྱོང་ལྗོངས་ཀྱི་འཁོར་ཡུག་སྲུང་སྐྱོབ་ཚན་པས་བོད་ནང་གི་ཨར་ལས་འཛུགས་བསྐྲུན་གྱི་ལས་གཞིའི་ཐོག་འཁོར་ཡུག་ཐོག་གནོད་སྐྱོན་དེ་ཆུང་རུ་གཏོང་དགོས་པའི་ཚད་གཞི་གཏན་འབེབས་དང་གཏེར་ཁ་བསྔོག་འདོན་ཐོག་ཡང་འཁོར་ཡུག་གི་གནོད་འཚེ་དེ་ཆུང་རུ་གཏོང་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་པ་དེས་བོད་ནང་གི་འཁོར་ཡུག་ཐོག་གནོད་སྐྱོན་དེ་ཙམ་ཐེབས་ཀྱི་མེད་པའི་ཧམ་བཤད་བྱས་ཡོད་པ་རེད་ ཡང་རྒྱ་གཞུང་གི་ཕྱི་བསྒྲགས་ཀྱི་གནས་ཚུལ་དེའི་ནང་བོད་ནང་གི་འཁོར་ཡུག་སྲུང་སྐྱོབ་ཐོག་འདས་པའི་ལོ་ངོ་ལྔའི་ནང་རྒྱ་སྒོར་འཐེར་འབུམ་ ༡༠ ལྷག་འགྲོ་གྲོན་བཏང་ཡོད་པའི་ཧམ་བཤད་ཀྱི་གནས་ཚུལ་མང་དག་ཅིག་གོང་ཞུས་རྒྱ་གཞུང་གི་མི་མང་ཉིན་རེའི་གསར་ཤོག་ཅེས་པའི་དྲ་རྒྱ་དེའི་ནང་གནས་ཚུལ་བཀོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎