རྒྱ་ནག་ཏུ་རི་ཁོག་ཕུཌ་ལམ་རིང་ཤོས་བཟོ་བསྐྲུན།
2011.06.01
༄༅༎དེ་རིང་གཟའ་ལྷག་པའི་ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་་པའི་རིའི་འོག་གི་ལམ་ཁ་གསར་བཟོའི་ལས་གཞི་དེ་བཞིན་ རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྲན་ཏུ་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་ལམ་ཆེན་ཐོག་འཁེལ་གྱི་ཡོད་པ་དང་ རི་འོག་གི་ལམ་ཁ་ཐོག་མར་འཛུགས་སྐྲུན་ལས་གཞི་སྤེལ་བའི་སྐབས་ཟི་ཁྲོན་ངོས་ནས་་ཁྱི་ལོར་མི་གྲར་༡༤ལྷག་ཙམ་གྱི་རི་བྲུ་དགོས་ཀྱི་ཡོད་འདུག དེའི་སྔོན་ལམ་ཁ་དེའི་ཐོག་མོ་ཊའི་ནང་ཚོུད་གཉིས་ཙམ་འགོར་གྱི་ཡོད་ཀྱང་ རིའི་འོག་ནས་ལམ་ཁ་བཟོས་ཚར་རྗེས་སྐར་མ་བཅུ་ལ་སླེབས་ཀྱི་ཡོད་ལུགས་འཛུགས་སྐྲུན་ལས་འཆར་དེའི་འགན་འཛིན་ལིའི་མིང་ཟེར་བས་བརྗོད་འདུག རི་བྲུས་ནས་ལམ་ཆེན་འཛུགས་སྐྲུན་ལས་གཞི་དེར་ཨ་སྒོར་ས་ཡ་༡༧༢ཀྱི་འགྲོ་གྲོན་གཏོང་དགོས་ལུགས་དང་ལས་ཡུན་ལོ་བཞི་འགོར་གྱི་ཡོད་འདུག ཟི་ཁྲོན་ཞིང་ཆེན་ནས་བོད་བར་གྱི་ལམ་ཆེན་དེར་ཁྱོན་ཀི་ལོ་མི་གྲར་༢༤༡༥ཙམ་གྱི་རིང་ཚད་ཡོད་པ་དང་ ལམ་ཆེན་དེ་གཙང་པོ་དང་ རི་ཧ་ཅང་མང་པོ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་སྟབས་ འཛམ་གླིང་ནང་ནས་འགྲུལ་ཞུད་ཉེན་ཚབས་ཆེ་བའི་གྲས་ཀྱི་ལམ་ཆེན་ཞིག་ཏུ་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་