རྒྱ་ནག་གིས་ལྷོ་ཨཕ་རི་ཀའི་ཆབ་སྲིད་དབུ་ཁྲིད་ལ་གནོན་ཤུགས།

ལྷོ་ཨཕ་རི་ཀའི་ཆབ་སྲིད་དབུ་ཁྲིད་ལ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ནང་མཉམ་བཞུགས་གནང་ན་འགྲིག་གི་མེད་པའི་སྐུལ་ལྕག་བྱེད་བཞིན་འདུག

2009.11.14

༄༅༎རྒྱ་ནག་གཞུང་གིས་ལྷོ་ཨཕ་རི་ཀའི་ཆབ་སྲིད་དབུ་ཁྲིད་མཱན་གོ་སུ་ཐུ་སྦེ་ཐེ་ལེ་ཛི་ལ་ཨི་ཊ་ལིའི་རྒྱལ་ས་རཱོམ་ནང་ཚུགས་གནང་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་ནང་མཉམ་བཞུགས་གནང་ན་འགྲིག་གི་མེད་པའི་སྐུལ་ལྕག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

ལྷོ་ཨཕ་རི་ཀའི་སཱ་པ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ལྷོ་ཨཕ་རི་ཀའི་ནང་གི་རྒྱ་ནག་གཞུང་ཚབ་པ་ལིའུ་ཡན་ཐའོ་ཡིས་ཉེ་ཆར་ལྷོ་ཨཕ་རི་ཀའི་ཨིན་ཀ་ཐ་རང་དབང་ཚོགས་པའི་དབུ་ཁྲིད་མཱ་ནོ་སུ་ཐུ་སྦུ་ཐེ་ལེ་ཛི་ལ་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་ཟླ་བ་འདིའི་ནང་ཚུགས་རྒྱུའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེའི་ནང་མཉམ་བཞུགས་མི་གནང་བའི་བརྒྱུད་སྐུལ་བྱས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཅོག་དང་ཐུགས་ཉེ་ཆག་པོ་ཡོད་པའི་ལྷོ་ཨཕ་རི་ཀའི་དབུ་ཁྲིད་སྦུ་ཐེ་ལེ་ཛིས་གོང་ཞུས་བོད་དོན་སྐྱོར་གྱི་ཚོགས་ཆེན་དེའི་ཐོག་ཕེབས་རྒྱུའི་གདན་ཞུར་ཁས་ལེན་གནང་ཡོད་པ་མ་ཟད་རྒྱ་ནག་གིས་ལྷོ་ཨཕ་རི་ཀའི་གཞུང་ལ་སྦུ་ཐེ་ལེ་ཛི་ཐོག་བཀག་འགོག་དགོས་རྒྱུའི་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པར་ཡང་ལམ་ལྷོང་བྱུང་མེད་པ་རེད།

ལྷོ་ཨཕ་རི་ཀའི་གཞུང་གིས་ལྷོ་ཨཕ་རི་ཀ་དང་དེ་བཞིན་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཆབ་འབངས་ཡུལ་མི་ཚོ་རང་རང་སོ་སོའི་འདོད་མོས་ཐོག་ནས་ཕྱིར་བསྐྱོད་བྱ་ཆོག་རྒྱུ་ཡིན་སྐོར་རྒྱ་ནག་ལ་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཡུལ་དེའི་གསར་ཤོག་ནང་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎