རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འཛིན་བཟུང་བྱས་པ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའང་ཅི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་བདག་ཉར་བྱེད་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག

2008.07.19

༄༅༎ཟླ་བ་ཁ་ཤས་སྔོན་ ཟི་ཁྲོན་ཞིང་ཆེན་དུ་ས་ཡོམ་གྱི་གོད་ཆགས་ཆེན་པོ་ཕོག་སྟེ་ ཕྲུ་གུ་སྟོང་ཕྲག་མང་པོ་རྐྱེན་འདས་སུ་ཕྱིན་པའི་ཕ་མ་ཚོར་རོགས་རམ་ཐོབ་ཐབས་བྱ་མཁན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ཧུའང་ཅི་ རྒྱ་ནག་གི་ཉེན་རྟོག་མི་སྣས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་བདག་ཉར་བྱེད་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་མི་དེའི་ནང་མིས་རོཡེ་ཀྲརསི་གསར་སྤེལ་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད་

ཁོ་པའི་ནང་མི་ཚོས་བརྗོད་པ་ལྟར་ན་ ཧུའང་ཅི་ རྒྱ་ནག་གི་ཉེན་རྟོག་མི་སྣས་ ཕྱི་ཟླ་བདུན་པའི་ཚེས་ ༡༠ ཉིན་འཛིན་བཟུང་བྱས་ཡོད་འདུག་པ་དང་ ནག་ཉེས་ཀྱི་གྱོད་གཞིའི་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་མེད་པ་ཡིན་འདུག

འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཁག་གིས་ ཧུའང་ཅི་ འཛིན་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ ཁོ་པས་ས་ཡོམ་གྱི་འོག་འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་ཚོའི་ཕ་མར་རོགས་རམ་ཟ་འབྲུ་དང་དངུལ་གྱི་རོགས་རམ་སྤྲད་པ་དེའི་རྐྱེན་གྱིས་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་ ཕྱི་ཟླ་ལྔ་པའི་ཚེས་ ༡༢ ཉིན་གྱི་ས་ཡོམ་སྐབས་སློབ་གྲྭ་མང་པོ་ཞིག་འཐོར་ཞིག་ཏུ་ཕྱིན་པ་དེའི་ཐོག་མང་ཚོགས་ནས་ སློབ་གྲྭའི་ཁང་པ་དེ་དག་སྤུས་ཀ་ཞེན་པོའི་ཐོག་ནས་རྒྱབ་ཡོད་པ་དང་ ལྐོག་ཟའི་འོག་ཁང་པ་བཟོ་བསྐྲུན་སྐབས་སྤུས་ཀའི་ཚད་གཞིར་བལྟ་རྟོག་ཚུལ་ལྡན་བྱུང་མེད་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་

ཡང་ཧུའང་ཅི་འཛིན་བཟུང་བྱས་པའི་རྒྱུ་མཚན་གཞན་ཞིག་ནི་ ཁོ་པས་ཕྱི་རྒྱལ་གྱི་གསར་འགོད་པ་དང་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་སྲིད་པར་ཁོ་པའི་བཟའ་ཟླ་ཀྲང་ལིས་དྭོགས་པ་གནང་བཞིན་ཡོད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིག་མ་ཚུགས་སྔོན་ རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་མཁན་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལ་སོགས་པ་ རྩེད་འགྲན་སྐབས་ཟངས་ཟིང་བཟོ་མཁན་དུ་དྭོགས་ཟོན་བྱེད་པའི་མི་ཧ་ཅང་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་སྟེ་གཙང་མ་བཟོ་ཐབས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎