དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་གནས་སྟངས་ལ་གདོང་ལེན།

རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམ་རྒུད་ཀྱི་གནས་སྟངས་ལ་ཐོུང་ནས་གདོང་ལེན་བྱ་རྒྱུ།

2009.01.30

༄༅༎རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་གནས་སྟངས་ལ་གདོང་ལེན་བྱེད་ཕྱིར་ཐུན་མོང་ཐོག་ནས་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།

དེ་ཡང་རྒྱ་ནག་གི་སིད་བློན་ལྦེན་ཅ་པའོ་གཟའ་པ་སངས་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་དཔལ་འབྱོར་གྱི་གནད་དོན་ཐོག་ཕན་ཚུན་མཉམ་ལས་གནང་རྒྱུའི་ཆེད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྟེན་གཞི་སྦ་ར་སེལ་སི་གྲོང་ཁྱེར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ནས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་གྲོས་མོལ་གནང་ཡོད་ཅིང་དེ་ནི་འདས་པའི་ལོ་ངོ་ལྔའི་རིང་རྒྱ་ནག་གི་སྲིད་བློན་སྦར་སེལ་སི་ནང་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་འགན་འཛིན་སྦ་ནི་ཏ་ཕེ་རེ་རོ་ལྦོལ་ཌི་ནར་གྱིས་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཐེངས་དང་པོ་དེ་གནང་སྒྲུབ་པའི་རྗེས་གསུང་ན་ང་ཚོས་རྒྱ་ནག་གི་སྐུ་ཚབ་ཚོར་དཔལ་འབྱོར་དང་ནོར་སིད་ཀྱི་དཀའ་རྙོག་དེ་རིགས་ངེས་པར་དུ་ང་ཚོ་ཐུན་མོང་ཐོག་ནས་སེལ་དགོས་པའི་གནད་དོན་ཞིག་ཡིན་པ་གསལ་སྟོན་བྱས་པ་དང་དེ་བཞིན་རྒྱ་ནག་གི་སྲིད་བློན་དང་སྐུ་ཚབ་ཚོའི་དབར་རྒྱལ་སྤྱིའི་གནད་དོན་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཀོ་རི་ཡའི་གནད་དོན།ཐའེ་ལྦན་དང་བོད་ཀྱི་གནད་དོན་ཐོག་ལ་ཡང་ཕན་ཚུན་བཀའ་མོལ་གནང་བའི་སྐོར་གསུང་འདུག ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་དཔོན་རིགས་ཁོང་གིས་ཚོར་བ་རྣོ་བའི་བོད་ཀྱི་གནད་དོན་དེའི་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྱི་གྲོས་མོལ་གྱི་སྒོ་མོ་དེ་ད་དུང་ཡང་ཕྱེ་མུས་ཡིན་པ་དང་ཡིན་ནའང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྱི་བསམ་ཚུལ་ཁག་ཁག་གནས་མུས་ཡིན་པ་གསུང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎