ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་གནད་དོན་ཐོག་གསུང་གླེང༌།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་གཞུང་གསར་པས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་དགོས་ལུགས་གསུངས་བ།

2009.02.04

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁི་ལིན་ཊོན་མཆོག་གིས་ཨ་རིའི་གཞུང་གསར་པས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་སྐོར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་དགོས་ལུགས་གསུངས་གནང་འདུག

འདི་ཚེས་བཞིན་ཉིན་ཐེ་ལྦན་གྱི་དུས་བབ་ནང་རི་ཅརཌི་ཧེ་ལོ་རན་གྱིས་སྤེལ་བའི་ཆེད་རྩོམ་ནང་ཧི་ལ་རི་ཁི་ལིན་ཊོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཆགས་གོང་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་ཉན་ཞིབ་གནང་བའི་སྐབས་ཨ་རིའི་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་གནང་ཕྱོགས་ཐད་མངོན་པར་མི་གསལ་བའི་འགྱུར་ལྡོག་གི་རྣམ་པ་བཏོན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ང་ཚོས་རྒྱ་ནག་དང་འབྲེལ་ལམ་གནང་ཕྱོགས་ཐད་གཟབ་ནན་གནང་དགོས་ཀྱང་གནས་སྐབས་རིང་ད་ལྟའི་ཆེས་མཐོའི་འབྲེལ་ལམ་མཇུག་སྐྱོང་གནང་རྩིས་ཡོད་ལུགས་ཕྱི་སྲིད་དྲུང་ཆེས་གསུངས་གནང་ཡོད་རེད། འོན་ཀྱང་ཐེ་ལྦན་དང་བོད།འགྲོ་བ་མིའི་ཐོབ་ཐང་སྐོར་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་རེད། ཐེ་ལྦན་ཐད་ད་ཡོད་ཀྱི་སྲིད་བྱུས་མཇུག་སྐྱོང་གིས་ཕན་ཚུན་ཞི་འགྲིགས་ཡོང་བའི་འབད་བརྩོན་གནང་རྒྱུ་དང་ཕྱོགས་གཅིག་གིས་རང་ཐག་རང་གཅོད་ཀྱི་བྱ་སྤྱོད་ངོས་ལེན་ཡོང་ཐབས་མེད་ལུགས་གསུངས་གནང་འདུག བོད་སྐོར་ཨ་རིའི་གཞུང་གསར་པས་བོད་མིའི་འགྲོ་བ་མིའི་ཐོབ་ཏང་དང་ཆོས་དད་རང་དབང་སྲུང་སྐྱོབ་དགོས་པ་དང་གལ་སྲིད་བོད་མི་རྒྱ་མི་རིགས་ཀྱི་མཉམ་དུ་བདེ་སྐྱིད་ངང་གནས་དགོས་ཀྱི་ཡོད་ན་ཁོང་ཚོའི་ཆོས་དང་རིག་གཞུང་ལ་བརྩི་སྲུང་བྱེད་དགོས་ཀྱི་རེད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་དགོས་ཀྱི་རེད་ཅེས་གསུངས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎