རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭའི་གྲུབ་འབྲས།


2019.05.04
རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས། རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་ཡོད་པའི་གནས་ཚུལ།
རྒྱ་གར་དབུས་གཞུང༌།

༄༅༎སྤྱི་ལོ་༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་ལྟར། འདི་ལོ་བོད་པའི་སློབ་གྲྭ་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་སྔ་ལོ་དང་བསྡུར་ན། བརྒྱ་ཆ་༡།༤༤ འཕར་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཀྱི་འགྲེལ་བརྗོད་ཡོད་པ་རེད།

དེ་ཡང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྤྱི་ཟླ་༥ པའི་སྤྱི་ཚེས་༢ ཉིན་གསལ་བསྒྲགས་བྱས་ཡོད་ཅིང་། ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་དེའི་ནང་བོད་པའི་སློབ་གྲྭའི་སློབ་མ་༡༡༣༣འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་མ་༡༡༠༠ ཐམ་ཡིག་རྒྱུགས་འཕྲོད་ཡོད་པ་དང་། ཡིག་རྒྱུགས་བསྐྱར་དུ་གཏང་དགོས་པའི་སློབ་མ་༢༨ དང་ཡིག་རྒྱུགས་འཕྲོད་མེད་པའི་སློབ་མ་༥ ཡོད་འདུག འདི་ལོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ནི་༩༧།༠༨ ཡིན་འདུག

བོད་པའི་སློབ་གྲྭ་ཡོངས་ནས་ཚན་རིག་སྡེ་ཚན་ཁོངས་ནས་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་ཀརྨ་ཕུན་ཚོགས་ཟླ་བས་བརྒྱ་ཆ་༩༤ བླངས་ཏེ་ཨང་དང་པོར་སོན་ཡོད་པ་དང་། ཚོང་རིག་སྡེ་ཚན་གྱི་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ལུང་རིག་གིས་བརྒྱ་ཆ་༨༩།༦ བླངས་ཏེ་ཨ་དང་པོར་སོན་ཡོད་པ་དང་། རྒྱུ་རྩལ་སྡེ་ཚན་གྱི་ཁོངས་ནས་སྦེལ་ཀོབ་སམ་བྷོ་ཊ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གངས་མཚོ་ཡིས་བརྒྱ་ཆ་༩༢ བླངས་ཏེ་ཨང་དང་པོར་སོན་ཡོད་འདུག འདི་ལོར་བརྒྱ་ཆ་༩༥ བརྒལ་ནས་སྲིད་སྐྱོང་གི་བྱ་དགའ་ལེན་མཁན་བོད་པའི་སློབ་རིགས་སློབ་མ་བྱུང་མེད་པ་རེད་འདུག།

གསར་འགོད་པ་བློ་བཟང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎