ཨོ་སི་ཀྲོ་ལི་ཡའི་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

ཨོ་སི་ཀྲོ་ལི་ཡའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་མར་མེའི་ཁྲོམས་སྐོར་དང་སྨོན་ལམ་གསུངས་འདོན་གནང་འདུག

2011.10.27

༄༅༎བོད་མདོ་སྨད་རྔ་པ་དང་ ཁམས་རྟའུ་དང་ དཀར་མཛེས་བཅས་སུ་ ན་གཞོན་རྣམས་ནས་ རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་དང་བོད་རང་དབང་གི་དོན་དུ་ སྐུ་ལུས་མེར་བསྲེགས་མཛད་པའི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་གི་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཞུ་ཆེད་ཚེས་༢༦ཉིན་ཨོ་སི་ཀྲོ་ལི་ཡའི་སིདྲི་ནི་གྲོང་ཁྱེར་རུ་ས་གནས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ མར་མེའི་ཁྲོམས་སྐོར་དང་སྨོན་ལམ་གསུངས་འདོན་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
གོང་གསལ་མར་མེའི་ཁྲོམས་སྐོར་གྱི་ལས་འགུལ་འདི་བཞིན་སི་དྲི་ནི་གྲོང་ཁྱེར་གྱི་མའར་ཀྲིན་པེ་ལེསི་ཞེས་པའི་ས་གནས་སུ་གོ་སྒྲིགས་ཞུས་འདུག་པ་དང་ ལས་འགུལ་གྱི་ཐོག་མར་སི་དྲི་ནི་གྲོང་ཁྱེར་རུ་གནས་མཁོད་དགེ་འདུན་པ་རྣམས་ནས་སྨོན་ལམ་གསུང་འདོན་གནང་བ་དང་། དེ་ནས་རིམ་བཞིན་བོད་མི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་པ་ཚོས་གཞིས་ལུས་བོད་མི་གཞོན་སྐྱེས་ཚོའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་མཛད་པའི་དཔའ་མཛངས་ལ་རྗེས་དྲན་དང་ད་ལྟའི་བོད་ནང་གི་རྗ་དྲག་གི་གནས་སྟངས་ཐད་ངོ་སྤྲོད་གསུང་བཤད་གནང་ཡོད་སྐོར་ ལས་འགུལ་གོ་སྒྲིགསཞུ་མཁན་ཚོས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག གོང་གསལ་གྱི་ལས་འགུལ་དེའི་ཐོག་སི་དྲི་ནི་གྲོང་ཁྱེར་རུ་ཡོད་པའི་བོད་རྒྱ་མཛའ་གྲོགས་ཚོགས་པའི་སྐུ་ཚབ་རྣམ་པ་ལྷན་བཞུགས་ཀྱིས་མཐུན་ཚོགས་ཀྱི་རྒྱ་རིགས་སྐུ་ཚབ་ངོས་ནས་ཉེ་ལམ་བོད་ནང་གཞོན་སྐྱེས་ཚོས་སྐུ་ལུས་མེར་བསྲེག་མཛད་པའི་གནས་སྟངས་ལ་སེམས་འཚོར་དང་། ལྷག་པར་དུ་བོད་ནང་དམ་བསྒྲགས་རྐྱེན་པས་ ད་ལྟའི་རྗ་དྲག་གི་གནས་སྟངས་ལ་ཐུབས་འཚབ་ཆེན་པོ་ཡོད་སྐོར་གསལ་འདོན་གནང་འདུག་ ཁ་ས་སི་དྲི་ནི་གྲོང་ཁྱེར་རུ་མར་མེའི་ཁྲོམས་སྐོར་གྱི་ལས་འགུལ་ཐོག་མ་དེ་སྤེལ་བའི་རྗེས་ད་རིང་ཕྱི་དྲོ་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་དུ་སླར་ཡང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎