ཁེ་ན་ཌ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་འདོད།

ཁེ་ན་ཌའི་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་ཆེས་མཐོའི་གྲོས་མོལ་མཇལ་འཛོམས་གནང་འདུག

2009.12.03

༄༅༎ཁེ་ན་ཌའི་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་ཆེས་མཐོའི་གྲོས་མོལ་མཇལ་འཛོམས་གནང་ཐོག་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐད་མོས་མཐུན་གསལ་བསྒྲགས་གནང་ཡོད་པ་རེད་༎

ཁེ་ན་ཌའི་སྲིད་བློན་ཧའར་པཱར་མཆོག་དེང་སྐབས་རྒྱ་ནག་ཏུ་ཉིན་བཞིའི་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་པེ་ཅིང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་དང་ཁེ་ན་ཌའི་དབུ་འཁྲིད་རྣམ་གཉིས་དབར་གྲོས་མོལ་མཇལ་འཛོམས་གནང་ཡོད་ཅིང་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོས་རྒྱལ་ཁབ་གཉིས་དབར་ཕན་ཚུན་གོ་རྟོགས་ལེགས་སྤེལ་དང་དོན་དམ་གྱི་ལས་དོན་མཉམ་ལས་ཐོག་ནས་འབྲེལ་ལམ་གྱི་ཚད་གཞི་མཐོ་རུ་གཏོང་ཐབས་ཀྱི་རེ་བ་བཞེས་ཀྱི་ཡོད་སྐོར་གཏམ་བཤད་སྤེལ་ཡོད་པ་རེད་ སྲིད་བློན་སི་ཊི་ཕེན་ཧའར་པཱར་ཡིས་དབུ་འཁྲིད་པའི་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་རྒྱ་ནག་གཞུང་གི་ཀེ་ན་ཌའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་བའི་སྐྱོན་འཛུགས་དང་ལྷག་པར་དུ་བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་མཇལ་འཕྲད་ཞུས་པ་དང་ཡང་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ལྷན་བཅར་མ་ཞུས་པའི་གནད་དོན་སོགས་ལ་རྐྱེན་པས་རྒྱ་ནག་དང་འབྲེལ་ལམ་ཉམ་རྒུད་དུ་སོང་ཡོད་པ་རེད་ སྲིད་བློན་མཆོག་གི་རྒྱ་ནག་དང་མཐུན་འབྲེལ་གནང་ཕྱོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་རྒྱ་ནག་དང་ཚོང་འབྲེལ་ཉམ་ཆགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པའི་བློ་དོགས་འོག་ཁེ་ན་ཌ་ཁེ་ལས་དང་བཟོ་ཚོང་ལས་ཚོས་སྲིད་བློན་མཆོག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་ ད་རེས་རྒྱ་ནག་གི་དབུ་འཁྲིད་ལྷན་དང་མཇལ་མོལ་སྐབས་སྲིད་བློན་ཧའར་པཱར་མཆོག་གིས་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་ལམ་གྱི་རང་བཞིན་དེ་ཕྱི་གསལ་དོད་པོ་དང་གཏན་པོ་ཡོད་པའི་སྐོར་ནན་བརྗོད་གནང་པ་དང་སྦྲགས་ཕྱོགས་གཉིས་དབར་ཚོང་འབྲེལ་དང་གཞན་མཉམ་འབྲེལ་གྱི་ལས་དོན་མདུན་སྐྱོད་ཐུབ་པའི་ཐུགས་རེ་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎