ཁེ་ན་ཌའི་ཡུལ་མི་ཞིག་བོད་བར་གོམ་བགྲོད་ནང་བསྐྱར་ཞུགས་བྱ་རྒྱུ།

ཁེ་ན་ཌའི་ཡུལ་མི་ཞིག་རྒྱ་གར་ནས་བོད་བར་གོམ་བགྲོད་ནང་བསྐྱར་ཞུགས་ཆེད་ངང་སྒུག་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

2008.05.31

༄༅༎བོད་ནང་ཕྱིར་ལོག་གི་བོད་མིའི་གོམ་བགྲོད་ལས་འགུལ་ནང་བཞུགས་མཁན་ནུབ་ཕྱོགས་པ་ལྔ་གོམ་བགྲོད་པའི་ཁྱུ་ཚོགས་ནས་རྒྱ་གར་ཉེན་རྟོག་པས་ཕྱིར་བཏོན་བྱས་ཡོད་ཀྱང་ ཁེ་ན་ཌའི་ན་གཞོན་ མའེ་ཁཱལ་ཝིལ་ཁོག་ གོམ་བགྲོད་ནང་བསྐྱར་ཞུགས་ཆེད་གྲོང་ཁྱེར་ན་ནི་ཊལ་དུ་ངང་སྒུག་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

ཁོང་ནི་འདི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་བར་ཞི་བའི་གོམ་བགྲོད་འགོ་བཙུགས་ནང་བཞུགས་མཁན་གྲས་ཡིན་ཞིང་ བདུན་ཕྲག་སྔོན་མའི་ནང་ནུབ་ཕྱོགས་པ་མི་གྲངས་ལྔ་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཏེ་ཕྱི་རྒྱལ་བ་རྒྱ་གར་ནང་འཛུལ་ཞུགས་ཐོངས་མཆན་སྒྲིག་གཞི་འགལ་འཛོལ་བྱུང་ལུགས་ཀྱི་ཉེས་བཙུགས་བྱས་ཡོད་པ་རེད་

མའེ་ཁཱལ་གྱིས་ནགས་གསེབ་ཏུ་གབ་ཡིབ་ཐུབ་སྟེ་འཛིན་བཟུང་དོ་དམ་འོག་ཚུད་མེད་པ་རེད་ ཁོང་གིས་གོམ་བགྲོད་ལས་འགུལ་བརྙན་འཕྲིན་ལ་དཔར་ལེན་བྱས་ཏེ་གློག་བརྙན་ཞིག་བཟོ་འཆར་ཡོད་པ་རེད་ ཁོང་ནི་རང་ལོ་༢༢ སོན་ཞིང་མཐོ་སློབ་ཐོན་པའི་ཁེ་ན་ཌའི་མི་སེར་ཞིག་ཡིན་པ་རེད་ བོད་བར་ཞི་བའི་གྲོམ་བགྲོད་ཀྱི་ལས་འགུལ་འདི་བཞིན་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་དང་ བྱེས་འབྱོར་བོད་མི་རྣམས་རང་ཡུལ་དུ་ལོག་རྒྱུའི་མངོན་འདོད་ཅིག་ཡིན་པ་སོགས་མའེ་ཁཱལ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག གང་ལྟར་བོད་རིགས་སུམ་བརྒྱ་བརྒལ་བའི་བོད་ལ་ཕྱིར་ལོག་གི་གོམ་བགྲོད་པ་རྣམས་རྒྱ་གར་གཞུང་གི་ཉེན་རྟོག་པས་འགོག་རྐྱེན་སྣ་ཚོགས་བཟོས་ཏེ་ད་ལྟའི་ཆར་པི་ཐོ་ར་གར་རྫོང་གི་སྦན་སི་པ་ཊན་ཞེས་པའི་ས་གནས་ནས་བོད་ཕྱོགས་སུ་མདུན་བསྐྱོད་གནང་མ་ཐུབ་པར་བཞུགས་ཡོད་པ་མ་ཟད་ གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཚོགས་གཙོ་རྣམས་ཀྱང་ས་གནས་ཉེན་རྟོག་པས་བཀག་ཉར་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎