ཨ་རི་དང་ཉི་ཧོང་གི་འགོ་ཁྲིད་གཉིས་ཨོ་ལིམ་པིག་ཏུ་ཕེབས་རྒྱུ།

ཨ་མི་རི་ཀའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ཕེབས་གཏན་འཁེལ་ འདུག

2008.07.06

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཇོཇེ་སྦུཤེ་དང་ ཉི་ཧོང་གི་སྲིད་བློན་ ཕུ་ཀུ་ཌ་རྣམ་གཉིས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ཕེབས་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཉི་ཧོང་གི་རྒྱལ་ས་ཀྲོག་ཡོར་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་གྱི་ཞོར་དུ་ཨ་རིའི་སྲིད་འཛིན་ཇོཇེ་སྦུཤེ་དང་ཉི་ཧོང་གི་སྲིད་བློན་ཡ་སུའོ་ཕུ་ཀུ་ཌ་རྣམ་གཉིས་མཇལ་འཕྲད་ཀྱིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་ དབུ་ཁྲིད་རྣམ་གཉིས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ཕེབས་རྒྱུའི་ཐག་གཅོད་གནང་ཡོད་ལུགས་རེས་གཟའ་ཉི་མའི་ཉིན་གསལ་བསྒྲགས་གནང་འདུག སྲིད་འཛིན་སྦུཤེ་མཆོག་གིས་ ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་ནས་ཕྱིར་འཐེན་གནང་རྒྱུ་ནི་ རྒྱ་ནག་གི་མི་མང་ཚོར་མཐོང་ཆུང་དང་ཕོག་ཐུག་འགྲོ་ཡི་ཡོད་སྐོར་གསུངས་པ་དང་སྦྲགས་ རྒྱ་ནག་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བསམ་ཚུལ་སྟོན་པའི་ཆེད་དུ་རྩེད་འགྲན་ནས་ཕྱིར་འཐེན་གནང་དགོས་པ་ཁྱབ་པ་མེད་ལུགས་གསལ་བཤད་གནང་འདུག ཉི་ཧོང་གི་སྲིད་བློན་ཡ་སུའོ་ཕུ་ཀུ་ཌ་མཆོག་གིས་ཀྱང་ ཨོ་ལིམ་པིག་རྩེད་འགྲན་ཞིག་ཡིན་པ་ལས་ ཆབ་སྲིད་ཀྱི་ལས་འགུལ་མིན་པར་བརྟེན་ཕེབས་ཏེ་ཙེད་འགྲན་པ་ཚོར་རྒྱབ་བསྐྱོར་གནང་རྒྱུ་ཡིན་སྐོར་གསུངས་གནང་འདུག

ཡང་ཁོང་གིས་རྩེད་འགྲན་དང་ཆབ་སྲིད་གཉིས་མཉམ་བསྲེས་བྱེད་དགོས་དོན་མེད་པ་དང་ རྒྱ་ནག་ནང་དཀའ་ངལ་མང་དག་ཅིག་ཡོད་པ་དེ་དག་རིམ་པས་སེལ་ཐབས་བྱེད་ཀྱི་ཡོད་ལུགས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎